Powered By Blogger

Tuesday 3 April 2012

          །སྐྱིད་པའི་ སྦས་གནས༎ 

།སྐྱིད་པའི་ སྦས་ཡུལ་ འབྲས་མོ་ ལྗོངས་འདི་ན།།
   དུས་རབ་ བརྒྱད་པར་ ཨོ་རྒྱན་ གུ་རུ་བྱོན།།
   ཡུལ་ཕྱོགས་ ས་གཞི་ རྣམས་ལོ་ བྱིན་བརླབས་མཇ༹ད།།
   སྨན་ལྗོངས་ འདི་ནང་ བྱིན་ཆགས་ བདེ་སྐྱིད་ལྡན།།

                            ཁམས་གསུམ་ འགྲོ་བ་ སེམས་ཅན་ ཡོངས་ཀྱི་དོན།།
                            བདེ་སྐྱིད་ ལྡན་པའི་ གནས་མཐིལ་ འདི་ཉིད་ལ།།
                            ཀུན་མཁྱེན་ སངས་རྒྱས་ གུ་རུ་ པད་མ་ཡིས།།
                            ཞབས་ཀྱི་ བཅགས་སྟི་ གནས་ཆེན་ བྱིན་གྱི་བརླབས།

འདི་ལས་ རྒོད་ལྡེམ་ རྣམ་འབྱོར་ མཆེད་བཞི་སོགས།།
ཁམས་གསུམ་ འགྲོ་བ་ སེམས་ཅན་ ཡོངས་ཀྱི་དོན།།
ཞབས་ཀྱི་ བཅགས་ནས་ སངས་རྒྱས་ བསྟན་པའི་གཞི།།
གཙུགས་ནས་ དམ་པའི་ ཆོས་ཀྱི་ ཉི་མ་ཤར།

                            དགའ་བའི་ སྨན་ལྗོངས་ སྦས་ཡུལ་ འབྲས་མོ་ལྗོངས།།
                            སྐྱིད་པའི་ སྨན་ལྗོངས་ སྦས་ཡུལ་ འབྲས་མོ་ལྗོངས།།
                            དགའ་སྐྱིད་ ལྡན་པའི་ སྦས་ཡུལ་ འབྲས་མོ་ལྗོངས།།
                            གཏན་དུ་ དགའ་སྐྱིད་ ལྡན་པའི་ གསོལ་བ་ཐོབ༎

denjongke lho kay

                                                                                                 ཐུབ་བསྟན་ དཔལ་བཟང་༎

No comments:

Post a Comment