Powered By Blogger

Thursday 6 June 2013


                   (Maha Parinivana Annieversary of Jamgom Mipham Rinpoche(1846-1912)

                  འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། ད་རིང་ མི་ཕམ་ འདས་མཆོད་ ཨིན


༈ གངས་ཆེན་ མཁས་པའི་ དབང་པོ་ ཁོང་ཉིད་ མདོ་ཁམས་ སྡེ་དགེའི་ ཐ་ཉེ་ ཡ་ཆུ་དིང་ ཆུང་གི་ས་ཆ་ལོ་ ཡབ་ མགོན་པོ་ དར་རྒྱས་ དང་ ཡུམ་ སྲིང་ཆུང་ གཉིས་ཀྱི་ སྲས་སུ་ རབ་བྱུང་ ༡༤ པའི་མེ་རྟ་ སྤྱི་ལོ་ ༡༨༤༦ ལོར་ སྐུ་འཁྲུངས་པོ་ ཨིན། དགུང་ལོ་ བདུན་བརྒྱད་ཙུ་ལས་ ཡབ་ དང་ ཨ་ཞང་རྩ་ལས་ ཡི་གེ་ འབྲི་ཀློག་ སློབ་སྦྱོང་ དང་ གཞུང་ལུགས་ བློ་འཛིན་ཙུ་ལོ་ མཁྱེན་རབ་ ལེབ་སྟི་ ཆེ་དྲགས་ ཐོན་ རྩོམ་ཡིག་ འབྲི་ཤེས་ དང་ རྩིས་ དཀར་ནག་གི་ སྔོན་འགྲོ་ ལ་ཡང་ སྦྱངས་བོ་ སྦད། དགུང་ལོ་ བཅུ་གཉིས་ལོ་ ལྷེབས་པའི་ སྒང་ལོ་ མེ་སྦྲུལ་ ༡༨༥༧ ལོར་ གསང་སྔགས་ ཆོས་གླིང་དགོན་པ་ལོ་ བྱོན་སྟི་ གྲྭ་བཙུན་གནང་། འདི་ལས་ ལོ་ གཅིག་གི་ རིང་ དབུས་ ལྷ་ལྡན་ལོ་གནས་སྐོར་ལོ་ བྱོན། ཕྱིར་ལོག་ བྱོན་འདི་ རྗེས་ བླ་མ་ འཇམ་དབྱངས་ མཁྱེན་བརྩེ་ དབང་པོ་དང་། དབང་ཆེན་ དགྱེས་རབ་ རྡོ་རྗེ། དཔལ་སྤྲུལ་ འཇིགས་མེད་ ཆོས་དབང་། དགེ་བཤེས་ ངག་དབང་ འབྱུང་གནས། བློ་གཏེར་ དབང་པོ་སོགས་ མཁས་ཆེན་ ཀེས་པོ་ སློབ་དཔོན་ཙུ་ བསྟེན་བོ་ལས་ ཐུན་མོང་ དང་ ཐུན་མོང་ མ་ཡིན་པའི་ གཙུག་ལག་ བརྒྱ་ཕྲག་ ཀེས་པོ་ སྦྱངས་འདི་ མཐར་ཕྱིན་པོ་ སྦད། རིག་པའི་ གནས་བཅུ་ལ་ མཁས་པའི་ ཡང་རྩེར་ སོན། དགུང་ལོ་ ང་གཅིག་ རབ་ཚེས་ མེ་སྤྲེལ་ ལོར་རྒྱལ་པོ་ལུགས་ཀྱི་བསྟན་བཅོསམཛད། དགུང་ལོ་ རེ་གཉིས་པ་ མེ་ལུག་ལོརདུས་འཁོར་འགྲེལ་ཆེནབརྩམས། དེའི་ ཕྱི་ལོར་སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོམཛད། འདེ་འདྲ་བོསྨན་ཕྲེང་བརྒྱ་རྩདང་། ཕྱི་རྒྱུད་རྩ་ཆུའི་འགྲེལ་པ》《ལུས་ལ་ཉེེར་མཁོ་སྐབས་བརྒྱད་པསོགས་ གསོ་རིག་གི་ བསྟན་བཅོས་ ཀེས་པོ་ མཛད། མདོར་ན། མཁས་དབང་ ཁོང་ཉིད་ཀྱིས་ སྒྲ་ཚད། སྨན་རྩིས་ སོགས་ ཐུན་མོང་ རིག་གནས་ཀྱི་སྐོར་ དང་ མདོ་རྒྱུད་ཀྱི་ གཞུང་འགྲེལ་ སོགས་ ནང་རིག་པ་ ལས་ མཚན་ཉིད་ ཐེག་པའི་ སྐོར། གསང་སྔགས་ ཐུན་མོང་ སྐོར་ བསྟོད་ཚོགས་ དང་ གཏམ་ཚོགས་ འདོན་ཆོག་ སྐོར་ སོགས་པར་ལོ་ བརྐོས་པོ་ ཕྱག་རྩོམ་ པོ་ཏི་ སུམ་ཅུ་ལྷག་ བཞུགས། སྐུ་ཚེ་ ཧྲིལ་པོར་ འཆད་རྩོད་ རྩོམ་གསུམ་གྱི་ བྱ་བས་ བསྟན་འགྲོ་ལོ་ ཕན་པའི་ དོན་རྒྱ་ཆེན་པོ་ སྒྲུབ་པོར་ མཛད། ལྷག་པར་དུ་ བཟོ་ དང་ གསོ་བ་ རྩིས་རིག་ བཅས་ལོ་ ཕུལ་བྱུང་བའི་ ཕྱག་རྗེས་ ཀེས་པོ་ བཞག་པོས་ རིས་མེད་ མཁས་པོ་ཙུས་ཀྱིས་ བསྟོད་ཚིག་གི་ མེ་ཏོག་ ཕྱོགས་ཐམས་ཅད་ལོ་ གཏོར། མདོ་ དབུས་ཁམས་ གསུམ་ལོ་ མཁས་པའི་ གྲགས་པ་ བར་མེད་ལོ་ ཁྱབ། རྗེ་ཁོང་ཉིད་ཀྱིས་ གསུང་གི་བདུད་རྩི་ལས་ འཁྲུངས་པའི་ སློབ་མ་ གྲགས་ ཆེ་བ་ རྡོ་སྤྲུལ་རྡོ་རྗེ་ དང་ གཏེར་སྟོན་བསོད་རྒྱལ། ཀ་ཐོག་ སི་ཏུ་ ཆོས་ཀྱི་ རྒྱ་མཚོ། རྫོགས་སྤྲུལ་ ལྔ་པོ། དཔལ་སྤུངས་ སི་ཏུ་ སོགས་མཁས་གྲུབ་དམ་པ་ཀེས་པོ་ཡོད། མཐར་ དགུང་གྲངས་ རེ་བདུན་ལོ་ ཕེབས་ ར་རབ་བྱུང་བཅོ་ལྔ་པའི་ ཆུ་བྱི ༡༩༡༢ ལོར་ འཇུ་རི་ཁྲོད་དུ་ དགོངས་པ་ ཆོས་དབྱིངས་སུ་ ཐིམ།། ༎

ཐུབ་བསྟན་དཔལ་བཟང་།