Powered By Blogger

Saturday 30 August 2014

                   
                    རྡོ་རྗེ་ཕག་མོའི་གསང་བའི་གནས་ཆེན།

༈ སྦས་ཡུལ་ འབྲས་མོ་ ལྗོངས་ལོ་ ཨོ་རྒྱན་ ཆེན་པོ་ པདྨ་ འབྱུང་གནས་གྱི་ ས་གནས་ ཐམས་ཅད་ བྱིན་གྱི་ བརླབས་ ཡོད་པོ་ བཞིན། བོད་ རྒྱལ་ལོ་ ༢༡༣༩་ སྤྱི་ལོ་ ༢༠༡༣་ བོད་ཟླ་ དྲུག་ཀོའི་ ཚེས་བཅུའི་ ཉིན་ གུ་རུའི་ འཁྲུངས་བསྐར་ དུས་ཆེན་ འདི་ན་ གནས་ གསར་པོ་ ཞིང་འགྱངས་ དང་ ཟིང་དགྲ་རང་ བར་ན་ སྦས་ཀྱོང་ རྡོ་རྗེའི་ ཕག་མོའི་ གསང་གནས་ རང་བྱོན་ དང་ ཨོ་རྒྱན་ ཆེན་པོ་ གུ་རུ་ རིན་པོ་ཆེའི་ ཞབས་རྗེས་ དང་ ཕག་མོའི་ བཞུགས་ཁྲིའི་ བཅས་ རི་དྭགས་ སེམས་ཅན་ཙུའི་རྐང་རྗེས་ སྣ་ཚོགས་ ཡོད་པོ་ མཚོ་ཆེན་ དང་ མཚོ་ཆུང་ བརྒྱ་ དང་ དགུ་ ཡོད་པོ་ རྡོ་རྗེ་ ཕག་མོའི་ གནས་ཆེན་ ཡོད་སེ་ ལུང་བསྟན་ གནང་མཁན་ ༧སྐྱབས་རྗེ་ མདོ་མང་ གཏེར་ཆེན་ དབྱངས་ཐང་རིན་པོ་ཆེའི་ མཆོག་གིས་ ལུང་བསྟན་བཞིན་ ད་ལྟ་ ལྷན་རྒྱས་ ཐམས་ཅད་ཀྱི་ སྐུ་འདུན་ལོ་ མཇལ་ཤད་ཡོད་པོ་ ཨིན། གནས་འདི་ ཡམ་མཚན་ ཆེ་དྲགས་ འདུག  གནས་ཆེན་ འདི་མཇལ་ འདོད་ ཡོད་མཁན་ ལྷན་རྒྱས་ཙུ་ མཇལ་བ་ བྱོན་ནེ་ ནུབ་ འབྲས་ལྗོངས་ པདྨ་གླིང་ ལས་ འཁོར་ལམ་ ཀྱེ་ལོ་མི་ཊོར་༤་ (KM 4) ་རིང་གི་ ས་གནས་ ཟིང་འགྱངས་ ཡང་ན་ ཟིང་དགྲ་རང་ འཁོར་ལམ་ འདི་གནས་ཀྱི་ ས་ཕྱོགས་ ཟངས་ འཁོར་ལམ་ འདུག འཁོར་ལམ་ལས་ སྐར་མོ་ བཅུ་ རིང་ཚད་ན་ གནས་ འདི་མཇལ་ ཚུགས། གནས་ འདི་ འགོ་ དང་པོ་ ཚོལ་བོ་ གནང་མཁན་ ཡར་པོ་ ཐུབ་བསྟན་ བླ་མ་ ཨིན། ཁོང་ སློབ་དཔོན་ ལས་གྲོལ་པོ་ ཨིན། ཁོང་ པདྨ་གླིང་ ཟིངས་འགྱང་ བཞུགས་ མཁན་ ཨིན། ཁོང་གི་ གནས་འདི་ འགོ་ དང་པོ་ གཉིད་ལམ་ན་ མཇལ་བོ་ ནང་ལྟར་ ཟླ་བ་ ཁ་ཤད་གྱི་ རྒྱབ་ལས་ རིན་པོ་ཆེའི་ ལུང་བསྟན་ བཞིན་ དང་ གནས་ འདི་ གསར་པོ་ འབྱུང་བོ་ སྦད། སྤྱི་ལོ་ ༢༠༡༣ ལས་ གནས་སྒོ་ ཕྱི༹་བོ་ ཨིན།  གནས་ཆེན་ འདི་ལོ་ བཀྲིས་ རབས་གནས་གནང་མཁན་ སང་སྔགས་ ཆོས་གླིང་ རྡོ་རྗེར་ སློབ་དཔོན་སོགས་ དང་ དད་སྤྱིན སྐྱ་སེར་ ཐམས་ཅད་ཀྱིས་ རོག་རམ་ལས་ གནས་་ཀྱི་ ས་ཕྱོགས་ནང་ དགོན་ཆུང་སོགས་ བཞེངས་ཡོད་པོ་ ཨིན༎ ལྷན་རྒྱས་ ཐམས་ཅད་ལོ་ གནས་ཆེན་ ཐེང་གཅིག་ མཇལ་བ་ བྱོན་ན་ བསྐལ་བ་ བཟང་ངོ་ ཞུས་དོ་ ཨིན། གནས་ཆེན་ འདི་ སྐོར་ལོ་ མདོར་བསྡུ་ གཅིག་ བཀོད་པོ་ ཨིན་ འདི་ ནང་ལོ་ ནོར་འཁྲུལ་ ཡོད་ན་ བཟོད་པར་ གསོལ་ལོ༎ ཐུགས་རྗེ་ཆེ༎







   ཐུབ་བསྟན་དཔལ་བཟང་།



Monday 2 June 2014


Sikkimese Bhutia Shambo Boys & Girls



Sikkimese Bhutia Album



Sikkimese Bhutia food items 




                                       ༅༅། །བཀྲ་ཤིས་པའི་ རྟགས་བརྒྱད་ནེ།
                                                 Eight lucky sign 

༅༅།  རིན་ཆེན་གདུགས་མཆོག་བཀྲ་ཤི་གསེར་གྱི་ཉ། །འདོད་འབྱུང་བུམ་བཟང་ཡིད་འོང་ཀ་མ་ལ།
སྙན་གྲགས་དུང་དང་ཕུན་ཚོགས་དཔའ་བེའུ། །མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོ་སྟེ། ཞེས་པོ་དོན་ནེ།

བསོད་ནམས་ཀྱི་ ཕུང་པོ་ ཐམས་ཅད་ལོ་ རྫོགས་པའི་ བདེ་བར་ གཤེགས་པོ་ ཐམས་ཅད་ཀྱི་ སྐུའི་ སྐྱེ་མཆེད་ བརྒྱད་ལས་ ཐོན་བའི་ བཀྲ་ཤིས་ ལྷ་མོ་ བརྒྱད་ཀྱི་ ཕྱག་མཚན འདི་ འདྲ་བོ་ འབྲས་བུའི་ ཡོན་ཏན་ དོན་ལོ་ གཉེར་བས་ ལམ་ དུས་ལོ་ ཕྱོགས་བཅུའི་ སྐྱབས་ཡུལ་ ཙུས་ཀྱི་ དབུ་ལོ་ གདུགས། སྤྱན་ལོ་ གསེར་ཉ། ཚེམས་ལོ་ དུང༌། ལྗགས་ལོ་ པདྨ༌། མགུལ་ལོ་ བུམ་པོ། ཐུགས་ཀར་ དཔལ་བེའུ། སྐུ་ལོ་ རྒྱལ་མཚན། ཞབས་ལོ་ འཁོར་ལོ་ཙུས་ འབུལ་བོ་ནེ་ རྣམ་པར་ ཤེས་པོ་ ཚོགས་བརྒྱད་ཀྱི་ བག་ཚགས་ སྦྱོང་ཤད་ ལྷུན་གྲུབ་ ཡེ་ཤེས་ ལྔའི་ ཡོན་ཏན་ མངོན་ལོ་ གྱུར་བའི་ དགོས་པོ་ ཡོད་པོ་ ཨིན།

༡༽ བཀྲ་ཤིས་ གདུགས་ཀྱི་ ལྷ་མོས་ ཡུལ་གྱི་ རྒུད་པོ་ ཞི་ཞིང་ བཀྲ་ཤིས་པོ་ བྱ༹ས་དོ་ ཨིན།
༢༽བཀྲ་ཤིས་ གསེར་ཉའི་ ལྷ་མོས་ མིག་ གསལ་ཞིང་ བློ་ དང་ ལྡན་པོ་ ལུས་ཁམས་ བདེ་ཞིང་ བཀྲ་ཤིས་པོ་ བྱ༹ས་དོ་ ཨིན། 
༣༽བཀྲ་ཤིས་ བུམ་པོའི་ ལྷ་མོས་ ལོངས་སྤྱོད་ མི་ཟད་པོ་ དང་ མགུལ་ལོ་ ཆོས་ཀྱི་ སྒྲ་དབྱངས་ མི་ཟད་པོ་ སྒྲོག་པོ་ཙུས་ཀྱི་ བཀྲ་ཤིས་པོ་ བྱ༹ས་དོ་ ཨིན། 
༤༽བཀྲ་ཤིས་ པདྨའི་ ལྷ་མོས་ ངག་ལོ་ དབང་བསྒྱུར་བོའི་ ལྗགས་ཐོབ་པོ་ དང༌ གཟུགས་ ཡིད་ལོ་ འོང་བོ་ དང་ ཉེས་སྐྱོན་ དང་ བྲལ་ཞིང་ བཀྲ་ཤིས་པོ་ བྱ༹ས་དོ་ ཨིན། 
༥༽བཀྲ་ཤིས་ དུང་གི་ ལྷ་མོས་ ཚེམས་བཟང་བོ་ དང༌ སྙན་གྲགས་ ཆེ་ཞིང་ རིམས་ནད་ཀྱི་ མི་ཚུགས་པོའི་ བཀྲ་ཤིས་པོ་ བྱ༹ས་དོ་ ཨིན། 
༦༽བཀྲ་ཤིས་ དཔལ་བེའུ་ ལྷ་མོས་ ཅི་བསམ་ འགྲུབ་པོ་ དང༌ བློ་གྲོས་ འཕེལ་བོ་ཙུས་ བཀྲ་ཤིས་པོ་ བྱ༹ས་དོ་ ཨིན། 
༧༽བཀྲ་ཤིས་ རྒྱལ་མཚན་གྱི་ ལྷ་མོས་ ལུས་ གཟི་བརྗིད་ ཆེ་བོ་ དང༌ ཕྱོགས་ལས་ རྣམ་པོ་ རྒྱལ་ཞིང་ དབུ་འཕང་ མཐོ་བ་ ཙུས་ བཀྲ་ཤིས་པོ་ བྱ༹ས་དོ་ ཨིན། 
༨༽བཀྲ་ཤིས་ འཁོར་ལོའི་ ལྷ་མོས་ ཕྱོགས་ཐམས་ཅད་ དབང་ལོ་ བསྒྱུར་བོ་ དང༌ ཕྱག་ཞབས་ འཁོར་ལོས་ བརྒྱད་པོ་ དང༌ ཕས་ཀྱི་ རྒོལ་བ་ ཟིལ་ གནོད་པོ་ཙུས་ བཀྲ་ཤིས་པོ་ བྱ༹ས་བའི་ ཡོན་ཏན་ མང་པོ་ ཡོད་པོ་ མི་ཕམ་ རིན་པོ་ ཆེས་གསུངས་སོ།། །།

ཐུབ་བསྟན་ དཔལ་བཟང་།
ལྷོ་སྐད་ ལས་ བསྒྱུར། ༢༠༡༤

Sunday 1 June 2014

འབྲས་ལྗོངས་ ལྷོ་པའི་ ཞབས་བྲོ། 
Sikkimese Bhutia Dance 










Denjongke lho kay@2014

Tuesday 15 April 2014




           ཐ་མ་ཁའི་ ཉེས་དམིགས་ མདོ་ཙམ་ བསྟན་པ་བཞུགས་སོ། 

ཤཱ་ཀྱའི་རྒྱལ་དང་ཨོ་རྒྱན་རྗེ། དབྱེར་མེད་ངག་གི་དབང་པོ་ལ། བཏུད་ནས་ཀུན་ལ་ཕན་གདགས་སླད། དུག་རྫས་ཉེས་དམིགས་མདོ་ཙམ་བཤད། སྣོན་ཚེ་དགའ་རབ་དབང་ཕྱུག་སོགས། བདུད་རྒྱལ་དྲུག་གི་ལོག་སྨོན་དང་། སྲིན་མོའི་མངའ་ཁྲག་ས་བོན་ལས། བྱུང་བའི་ཟས་ཀྱི་དུ་རུ་ཁ། དེ་ཡང་དུག་ལྔའི་རྒྱུས་བྱུང་བའི། མེ་ཏོག་ཁ་དོག་རིགས་ལྔ་ཡོད། དེ་ཀུན་དུ་བ་ཁ་རླངས་ར། གནམ་ས་བར་གསུམ་སོང་བ་ཡིས། ལྷ་ཁྲོས་ཀླུ་བརྒྱལ་གཉན་འཆི་ཞིང་། དཀར་ཕྱོགས་ལྷ་སྲུང་རྒྱང་དུ་གྱེས། མི་ལ་བདུད་འབབ་བྱད་མཐུ་ཟུག  ཡུལ་དུ་མི་ཤིས་ཐན་ལྟས་འབྱུང་། གནས་དགོན་རྟེན་གསུམ་རབ་གནས་ཉམས། ས་སྟེང་ཆོས་ཀྱི་བྱིན་རླབས་ཡལ། མཐའ་ཡི་འབྱུང་བོ་དབུས་སུ་ལྷགས། དམ་སྲིར་བསྡོངས་ནས་འགྲོ་རྒྱུད་བརླམས། སྐྱེས་ཆེན་མི་བཞུགས་རྒྱལ་བསྟན་ནུབ། ལྟ་ལོག་ཆོས་ལོག་མང་དུ་དར། སྦས་ཡུལ་རྣམས་ཀྱི་དགེ་མཚན་འགྲིབ། སྐྱེ་འགྲོ་སྔར་མེད་ནད་ཀྱིས་འཆི། གསོ་དཔྱད་རིམ་འགྲོའི་ནུས་མཐུ་རྡུག སྣོད་བཅུད་གཡང་ཉམས་མུ་གེས་མནར། བོད་ཁམས་གཅིག་དུ་མ་ངེས་ཏེ། འཛམ་གླིང་སྲིད་པ་ཐམས་ཅད་འཁྲུགས། བཅངས་པས་བྱང་ཆུབ་སེམས་རྩ་སྐམ། འཐུང་ཚད་རྡོ་རྗེའི་དམྱལ་བར་ལྷུང་། རྩ་ནང་སོང་བས་དུག་ལྔ་རྒྱས། རང་རིག་འོད་གསལ་བག་ལ་ཞ། དབུ་མའི་ལམ་འགགས་རྒྱལ་བས་ཀྱང་། འཆི་ཚེ་འཕོ་བ་ཐེབས་པ་མིན། བསྒྲུབ་ཀྱང་དགེ་བའི་འབྲས་མི་འགྲུབ། མཆོག་གསུམ་ཐུགས་རྗེས་འདུལ་ཐབས་བྲལ། ཉེས་པ་གཞན་ཡང་བརྗོད་མི་ལངས་། ཉོ་འཚོང་ལག་ལེན་ལྟ་ཅི་སྨོས། དྲི་ཙམ་ཚོར་ཡང་དེ་མ་ཐག ཆུས་བཤལ་དམ་རྫས་བཟང་དྲུག་བྱུགས། འདི་འཐུང་མི་དང་ནམ་དུ་ཡང་། ཁ་ལག་སྤྱོད་གསུམ་བསྲེ་མི་རུང་། པད་འབྱུང་བཀའ་ལ་བསླུ་བ་མེད། ཤེས་བཞིན་ཧ་ལའི་དུག་མ་འཐུང་། ད་ནས་གཏན་དུ་སྤོང་བར་བྱ། དེ་ལྟར་ནུས་ན་ཚེ་འདི་དང་། ཕྱི་མའི་དོན་ཆེན་འགྲུབ་འགྱུར་ཏེ། བདེ་བ་ཅན་དུ་སྐྱེ་བར་གསུངས། དེ་སོགས་ཕན་ཡོན་དཔག་ཏུ་མེད། བདུད་ཀྱི་བར་ཆད་བཟློག་པ་དང་། རྒྱལ་ཁམས་བདེ་བའི་སྐུ་རིམ་ལ། འདི་སྤོང་ལས་ལྷག་ཡོད་པ་མིན། ང་ཡི་འགྲོ་དོན་གཙོ་བོ་ཡིན། དེ་གལ་ཆེ་བས་ཀུན་ལ་སྤེལ། དགེ་དེས་མ་རིག་སྐྱེ་འགྲོ་ལ། དུག་ཟས་མིང་ཡང་མི་གྲགས་ཤིང་། མཆོག་གསུམ་རྒྱུ་འབྲས་བདེན་ལམ་དུ། ཞུགས་ནས་ཕྱམ་གཅིག་འཚང་རྒྱ་ཤོག། །།


ཅེས་པའང་རང་བཟོའི་རྩོམ་ངག་དོན་མེད་དོན་ལོག་དུ་མི་ལྟ་སྟེ། ཨོ་རྒྱན་དུས་གསུམ་མཁྱེན་པའི་གཏེར་ལུང་ལྷད་མེད་མང་ལོ་དང་། མཁས་གྲུབ་རིས་མེད་དུ་མའི་གསུང་གི་དོན་མ་འཕྱུགས་པར་བསྡུས་ནས་བྲིས་པ་ལ། བདུད་ཀྱི་འབངས་འཁོར་དུ་གྱུར་པ་ཁ་ཅིག་འདི་ལ་སུན་འབྱིན་གཤེ་སྐུར་སྨྲ་བ་སྲིད་ནའང་སྙིང་རྗེའི་དམིགས་ཡུལ་དུ་བྱ༹་བ་ལས་ཕྱོགས་ལྷུང་དང་ཁོང་ཁྲོའི་མེ་ལྕེ་མཆེད་པའི་བུད་ཤིང་ལྟ་བུར་འགྱུར་བར་མཐོང་ནས་རྩོད་པ་དབྱིངས་ལ་གཞག་པར་བྱའོ། ཞེས་སྤོང་བ་པ་བྱ་བྲལ་སངས་རྒྱས་རྡོ་རྗེས་བོད་ཁ་འཐོར་བ་རྣམས་ལ་དུས་བབའ་ཀྱི་བསླབ་སྟོན་དུ་སྙིང་ནས་གདམས་པའོ༎ ༎

Friday 21 March 2014







Photo: Denjongpa Thupten Palzang
Tashiding Gumpa
             



བཀྲ་ཤིས་ སྡིངས་ མྱོང་གྲོལ་ བུམ་ཆུ་ རིན་པོ་ཆེའི་ མཇལ་ཁ།

ཕྱི་ལོ་༢༠༡༤ ཟླ་བ་༣་ ཚེས་༡༥ ཉིན་ ནུབ་འབྲས་ལྗོངས་ གནས་ཆེན་ བྲག་དཀར་ བཀྲ་ཤིས་ སྡིངས་ལོ་ ལོ་ལྟར་ བོད་ ཟླ་བ་ དང་པོའི་ ཚེས་བརྒྱད་ལས་ བཅོ་ལྔ་ཟང་ མྱོང་གྲོལ་ བུམ་ཆུ་ རིན་པོ་ཆེའི་ སྒྲུབ་མཆོད་ དང་ དད་ལྡན་ སྐྱ་སེར་ མི་མང་ ཐམས་ཅད་ལོ་ བུམ་ཆུ་ རིན་པོ་ཆེའི་ མཇལ་ཁ་ དང་ དབང་ མི་མང་ ཐམས་ཅད་ལོ་ གནང་བོ་ ཨིན།  བུམ་ཆུ་ དུས་ཆེན་ སྐབས་ལོ་ བྱོན་མཁན་ དད་ལྡན་ཙུ་ རྒྱ་གར, འབྲུག, བལ་ཡུལ་ དང་ ཕྱི་རྒྱལ་ ཁག་ལས་ མི་མང་ ལོ་ལས་ ལོ་ གྱངས་ཚད་ མང་བཞིན་ འགྱུ་བཞིན་ ཡོད་པོ་ ཨིན། ད་ལོ་ སྐབས་ལོ་ འབྲས་ལྗོངས་ཀྱི་ སྲིད་སྐྱོང་ ཤྲི་ཎི་ཝས་ པ་ཏྲེལ་ མཆོག་ དང་ ཁོང་གི་ ལྕམས་ དང་པོ་ བྲག་དཀར་ བཀྲ་ཤིས་ སྡིངས་ལོ་ ཞབས་ བཀོད་པོ་ དང་ བུམ་ དབང་ཙུ་ ཞུས་པོ་ གནང་བོ་ ཨིན། འདི་ དང་ ཉམས་ཅིག་ འབྲུག་གཞུང་གི་ ཟུར་བཞུགས་ བློན་པོ་ དབང་འདུས་ ནོར་བུ་ མཆོག་ཡང་ བྱོན་བོ་ ཨིན། འབྲས་གཞུང་གི་ ཁྲིམས་དཔོན་ བསོད་ནམས་ དབང་འདུས་སོགས་ དད་ལྡན་ གཅིག་སྟོང་ ལྔ་བརྒྱ་ ལྷག་ཙམ་ ད་ལོ་ བྱོན་བོ་ ཨིན། མྱོང་གྲོལ་ བུམ་ཆུ་ རིན་པོ་ཆེའི་ མཇལ་ཁ་ ཕྱི༹་རུག་གི་ ཆུ་ཚོད་ བཅུ་གཉིས་ལས་ དགོན་གྱི་ བླ་མ་ སྐྱབས་རྗེ་ མཁན་རིན་པོ་ཆེ་ དང་ དབུ་མཛད་ དབུ་འཁྱིད་སྟི་ ཚོགས་ལོ་ བཞུགས་སྟི་ བུམ་པོ་ ཞལ་ཕྱི༹་སྟི་ ཚོགས་བཞུགས་ གནང་བའི་ སྐབས་ལོ་ འབྲས་གཞུང་གི་ སྐུ་ཚབ་ དགོན་ནས་ ལེ་ལག་གི་ དྲུང་སྤྱི་ སྐུ་ཞབས་ བསྟན་འཛིན་ དགེ་ལེགས་ མཆོག་ བཞུགས་པོ་ གནང་བོ་ ཨིན། ལོ་ ལྟར་ བུམ་ཆུའི་ ལྷག་ཆད་ཀྱི་ གྱངས་ཚད་ གནང་བའི་ སྐབས་ལོ་ དུས་ཅིག་ བུམ་ཆུ་ ཆད་ལྷག་ ཚད་ནེ་ ཏིང་གཉིས་ དུས་ཀྱི་ འཕོ་འགྱུར་གྱི་ ཉུང་བོ་ བསལ།  ཕྱི༹་རུག་གི་ ཆུ་ཚོད་ ༡༢ ལས་ ༢་ བར་ ནང་དབང་ གནང་སྲོལ་ ཡོད་པོ་ ཨིན། འདི་ལས་ ཆུ་ཚོད་ ༢ ལས་ ཁྲོམ་དབང་ འགོ་གཙུགས་ཀོ་ གནང་བོ་ ཨིན། དབང་གི་ སྐབས་ལོ་ སྐྱབས་རྗེ་ མཁན་རིན་པོ་ཆེའི་ བུམ་དབང་ དང་ བུམ་ཁྲུས་ རྡོར་ཅུང་ཙུས་གི་ བུམ་དབང་ མི་མང་ལོ་ ཐམས་ཅད་ལོ་ ཉིན་མའི་ ཆུ་ཚོད་ ༣ ཟང་སྟི་ དད་ལྡན་ བྱོན་བོ་ གནང་མཁན་ ཐམས་ཅད་ལོ་ བུམ་དབང་ གནང་བོ་ ཨིན། འདི་ལས་ ཆུ་ཚོད་ ༣ ལས་ བུམ་ཆུ་ རིན་པོ་ཆེ་ འདི་ གསེར་གྱི་ ཕོ་བྲང་ ནང་ལོ་ དན་འདྲེན་ ཞུ་བོ་ གནང་བོ་ ཨིན། དད་ལྡན་ སྦྱིན་བདག་ ཐམས་ཅད་ལོ་ གནས་ཆེན་ འོག་མིན་ གཉིས་པོ་ བྲག་དཀར་ བཀྲ་ཤིས་ སྡིངས་ཀྱི་ བླ་གྲྭ་ འདུས་ཚོགས་ཀྱི་ སྙིང་ལས་ ཐུགས་རྗེ་ཆེ་ཆེ་ ཞུ་དོ་ ཨིན། འདི་ དང་ ཉམས་ཅིག་ གནས་སྐོར་ལོ་ བྱོན་བོ་ གནང་མཁན་ ཐམས་ཅད་ཀྱི་ ཐུགས་འདོད་ བཞིན་ གྲུབ་ཚུགས་པའི་ རེ་བ་ དང་ བཅས་ ལོ་ རྗེས་མ་ལོ་ སྐྱེན་ངན་ བར་ཆད་ གན་ཡང་ མེད་པོ་ བྱ༹ས་སྟི་ ལོག་ཏེ་ར་ བྱོན་ཚུགས་པའི་ བཀྲ་ཤིས་ སྨོན་འདུན་ཙུ་ ཞུ་དོ་ ཨིན།། ཐུགས་རྗེ་ཆེ།།
   
འབྲས་ལྗོངས་ལྷོ་སྐད།

ཐུབ་བསྟན་ དཔལ་བཟང་ འབྲས་ལྗོངས་པོ།

Friday 7 February 2014

My Second Book 2013


            འབྲས་ལྗོངས་ ལྷོ་སྐད་  དར་ཚུལ་ སྐྲ་རྩེ་ ཆུ་ཐིག།

༈ འབྲས་ལྗོངས་ཀྱི་ ལྷོ་སྐད་ འདི་ སྤྱི་ལོ་ ༡༩༧༧ ལོར་ འབྲས་ལྗོངས་ མངའ་སྡེ་ སྐད་ཡིག་གི་ གྱངས་ཀ་ན་ ཚུད་པོ་ ཨིན།  འདེ་བྱ༹ས་ སྐད་རིགས་ འདི་ ཡར་རྒྱས་ གོང་འཕེལ་ སོང་བཞིན་ ཡོད་པོ་ ཨིན། འདི་ཡང་ མཁས་དབང་ ལྷན་རྒྱས་ཙུའི་ བཀའ་དྲིན་ལས་ བརྟེན་བོ་ལས་ སྐད་རིགས་ འདི་ནེ་ ཡིག་ཐོག་ལོ་ སློབ་གྲྭ་ཙུའི་ ནང་ སྤྱི་ལོ་ ༡༩༨༤ ལས་ འཛིན་རིམ་ འོག་མ་ལོ་ སླབ་པོ་ གནང་ཤད་ཀྱི་ འགོ་བཙུགས་ཀོ་  ཨིན།   ཨོ་ན་ལས་ གོང་ལས་ གོང་འཕེལ་ བྱ༹ས་བཞིན་ འབྲས་གཞུང་གི་ སློབ་གྲྭ་ ཐམས་ཅད་ནང་ ཁྱབ་པོ་ ཨིན།  འདི་ལས་ འཛིན་རྒྱལ་ བཅུ་ལོ་ སོན་ཊོར་ བྷོཊ་ སེ་ཀེན་ ཌརིའི་ཨུ་ཊུ་ཀེནཌར་ ནང་ལོ་ ཡིག་རྒྱུགས་ སྐྱེལ་ཚུགས་པོ་ གོ་སྐབས་ བཟང་པོ་ཅིག་ ཐོབ་པོ་  ཨིན།  འདི་ ལོ་ ཡང་ཡང་ སྐུ་ཞབས་ ནོར་ལྡན་ ཚེ་རིང་ མཆོག་ དང་ སྐུ་ཞབས་ པདྨ་ རིག་འཛིན་ཙུ་ཀིས་ འབྲས་ལྗོངས་ གཞུང་ལོ་  ཞུ་བ་ ཕུལ་ས་ ལས་ སྐད་རིག་ འདི་ འཛིན་རྒྱལ་ བཅུ་གཉིས་ སྤྱི་ལོ་ ༡༩༨༦ ལོ་ ཡིག་རྒྱུགས་ བྲིས་ཐོབ་པོ་ དང་ ནུབ་བྷང་གལ་ མཐོ་སློབ་ གཙུག་ལག་ ཁང་ནང་ ལྷོ་ཡིག་ ཡིག་རྒྱུགས་བྲིས་ ཐོབ་པོ་ འདི་ སྤྱི་ལོ་ ༢༠༠༠ ལོ་ ལས་ འགོ་བཙུགས་ཀོ་ ཨིན།

 ད་ལྟ་ ང་ཅའི་ ལྷོ་སྐད་ འདི་ ཕྱོགས་ཅིག་ ལྟ་ན་ཏོ་ ཡར་རྒྱས་ཙུ་ མཐོན་བཞིན་ ཡོད་པོ་སྦད།  དང་པོ་ ལྷོ་སྐད་ ཡར་རྒྱས་ཀྱི་ སྐོར་ལས་ ཉུང་ཉུང་ཅིག་ ཞུ་ན་ ང་ཅའི་  སྐད་རིགས་ཙུ་ ཡར་རྒྱས་ ཉིན་ལས་ ཉིན་ མཐོན་བཞིན་ ཡོད་པོ་ ཨིན། ད་ལྟ་ ལྷོ་སྐད་ འདི་ལོ་ ཐུགས་བསམ་ བཞེས་ན་ཏོ་  འབྲས་ལྗོངས་ གཞུང་གི་ མངའ་སྡེ་ཀི་ སྐད་ཡིག་གི་ གྱངས་ཀ་ ཙུ་ན་ ཚུད་ཡོད་པོ་ མི་ཚད་ ད་ལྟ་ འབྲས་ལྗོངས་ཀྱི་ ཕྱོགས་བཞི་ཀི་ རྫོང་ཁག་ སློབ་གྲྭ་ཙུ་ དང་ མཐོ་རིམ་ སློབ་གྲྭ་ (college) གསུམ་ དང་ རྫོང་ཁག་ ཤེས་ཡོན་ སྦྱང་བརྡར་ ཁང་(DITE) ནང་ལོ་ སླབ་སྦྱོང་ཙུ་ སྦྱང་བཞིན་ ཡོད་པོ་   མི་ཚད་ ཕྱི་ལོ་ ༢༠༡༢ ལས་ ང་ཅག་ དགའ་བའི་ ཉིམ་ ཤར་པོ་ འདི་ དུས་ཅིག་ལས་ འབྲས་ལྗོངས་ཀྱི་ གཙུག་ལག་ སློབ་གཉེར་ ཁང་གི་ (Sikkim university) ལྷོ་རིགས་ དོན་ལོ་ རང་གི་ སྐད་རིག་ མི་ཉམས་པའི་ དོན་ལས་ སློབ་ཚན་ ལྷོ་སྐད་ ལས་ ཨོ་ནོས་ཙུ་ (Honours) སྒྲོགས་ཐོབ་པའི་ གོ་སྐབས་ སྦོམ་པོ་ ཐོབ་ཡོད་པོ་ སྦད།   འདི་ལས་ གཞན་ ང་ཅའི་ རིགས་གཞུང་ ཟློས་གར་ འཁྲག་སྟོན་ཙུ་ཡང་ ཡར་རྒྱས་ མཐོན་ བཞིན་ཡོད་པོ་ ཨིན།  ལྷོ་སྐད་ འདི་ གློག་རིགས་ འཕྲུལ་ཆས་ དང་ གདོང་དེབ་ http://www.facebook.com/groups/palzang/ ttp://www.facebook.com/DenjongkeLhoKay ནང་ འབྲས་ལྗོངས་ཀྱི་ ལྷོ་སྐད་ ཚོགས་པོ་ བཟོ་ཡོད་པོ་ ཨིན། རང་རང་ སོ་སོའི་ སྐད་རིགས་ དོན་ལོ་ བསམ་ཆར་ཙུའི་ དོན་ལས་ བཀའ་མོལ་ཙུ་ གནང་དགོས་པོ་ གལ་ཅན་པོ་ ཨིན་ འདི་ འདེམ་ ཚོགས་པོ་ཙུ་ན་ ཐུགས་འགན་ ཞེས་དགོས་ ལེབ་ཏི་ གལ་ཅན་ སྦད། ད་ལྟ་  ང་ཅག་གི་ བདེ་སྤྱོད་ བྱ༹ས་ཚུགས་པོ་ ཡོད་པོ་ ཨིན། འདི་ ལྡེམ་ཙུ་ཀི་ སྐོར་ལས་ ཡར་རྒྱས་ ཉིན་ལས་ ཉིན་ མཐོན་བཞིན་ ཡོད་པོ་ སྦད། འདི་ལོ་ ཐུགས་བསམ་ བཞེས་ནེ་ དགའ་བའི་ དུས་ཚོད་ བཟང་པོ་ མཐོན་བཞིན་ ཡོད་པོ་ སྦད།

ད་ལྟ་ འབྲས་ལྗོངས་ ནང་ལོ་ མི་རིགས་ ཀེས་པོ་ཅིག་ ཡོད་ འདི་ལས་ ལྷོ་སྐད་ སྐྱབས་པོ་ ནང་མཁན་ འདི་ ཉི་མའི་ སྐར་མོ་ འདྲ་བོ་ ཙམ་ཅིག་ལས་ མིན་འདུག་ འདི་ཡང་ ལྷོ་སྐད་ སྐྱབས་པོ་ནང་ མཁན་འདི་ མི་གྱངས་  ཉུང་ཉུང་ཅིག་ ཨོ་འདི་ ཡང་ ལོ་ ལས་ ལོ་ ཉུང་བཞིན་ འགྱུ་དོ་ ཨིན་བོ་ མཁན་བཞིན་བོ་རང་ ཨིན།  འདི་ ལས་ ང་ཅའི་ ལྷོ་ཡིག་ སློབ་དཔོན་ དང་ སློབ་དཔོནམ་ ཡོངས་སྡོམས་ ༥༢༨ ལྷག་ཙམ་ ཡོད་གསུངས། ཨི་ན་ཡང་ འདི་ལོ་ དོ་སྣང་ གནང་མཁན་ འདི་ ལེབ་སྟི་ར་ ཉུང་ཉུང གཅིག་ ཐོན་བཞིན་ འོངས་དོ་ ཨིན།  གཞན་ སྐད་ལོ་ མནོ་བསམ་ བཏང་བོ་ གནང་ནེ་ ཏོ་ ལྷོ་ཡིག་ བྲིས་མཁན་ དང་ སྐད་ སྐྱབས་པོ་ གནང་མཁན་ འདི་ ཉི་མའི་ སྐར་མོ་ལས་ ཉུང་བཞིན་ འགྱུ་དོ་ སྦད།  འདི་བྱ༹ས་ ལྷོ་རིགས་ ཐམས་ཅད་ རང་རང་ སོ་སོའི་ ཐུགས་རྒྱན་ སྦོམ་པོ་ གཅིག་འདི་ རང་གི་ སྐད་ དང་ རིགས་གཞུང་ཙུ་ མི་ཉམས་ གོངས་འཕེལ་ དང་ ཉམས་པོ་ སོར་ཆུད་ གནང་དགོས་པོ་ ང་ཅག་ ཐམས་ཅད་ཀྱི་ ཐུགས་རྒྱན་ སྦོམ་པོ་ ཅིག་ཨིན་བོ་ འདི་ ཐུགས་བསམ་ རྒྱ་ཆེན་པོ་ ཅིག་ ངེས་པར་ བཞེས་དགོས་པོ་ འདུག་ ཨོ་ན་ལས་ ལྷོ་སྐད་ལས་ གསུངས་རྩོམ་ཙུས་ བྲིས་བོ་ གནང་ཤད་ལོ་ འབད་བརྩོན་ རྒྱ་ཆེན་པོ་ གནང་དགོས་པོ་ འདི་ ད་ལྟ་ མཁས་དབང་ མཆོག་ དང་ ན་གཞོན་ སློབ་ཕྲུག་ཙུའི་ གཡོག་འགན་ སྦོམ་པོ་ གཅིག་ སྦད། དཔེར་ན་ འདི་ལོ་ དོ་སྣང་ མ་གནང་བ་ ལུད་པོ་ ཅེ་ན་ ནོར་བུ་ རིན་པོ་ཆེ་ འདི་ རང་གི་ ལག་ཀ་ལོ་ ཡོད་པའི་ སྐབས་ལོ་ ངོ་ མ་ཤེས་ན་ རྒྱབ་ལོ་ མེདབ་པོ་ ཐོན་བོ་ ལས་ རྒོད་པོ་ སྐྱེ་བོ་སྟི་ དོན་མེད་ དང་ འདྲ་བོ་ ཨིན།  འདི་ བྱ༹ས་སྟི་ ཡོད་ དུས་ལོ་ དོ་སྣང་ དང་ བཅེས་འཛིན་ གནང་དགོས་པོ་ གལ་ཆེན་ཅིག་ ཨིན།  འདི་ལས་ ཁོང་ ཙུས་ཀྱི་ ཐུགས་རྗེ་ བཀའ་དྲིན་ བསམ་ལས་ འདས་པོ་ འདི་ ཐུགས་ལོ་ དགོང་པོ་ བཞེས་པོ་ གལ་ཆེན་ཅིག་ སྦད།  འདི་ ཡང་ ཡར་རྒྱས་ཀྱི་ སྐོར་ལས་ མདོར་བསྡུས་ ཅིག་ བྲི་བོ་ ཨིན་ འདི་ ནང་ལོ་ ནོར་འཁྲུལ་ ཡོད་ན་ མཁས་དབང་ ཙུས་ཀྱི་ སྐུ་མདུན་ལོ་ ལག་ཀོ་ གཉིས་ ཐལ་མོ་ སྦྱར་འདི་ བཟོད་གསོལ་ དང་ བཤགས་ཀོ་ ཕུལ་བཞིན་ ཚིག་གི་ བདུད་རྩིའི་ བཀའ་སློབ་ཙུ་ ཡང་ གནང་བོ་ གནང་ནང་ ཞུ་ཤད་ ཨིན།། ༎

Thupten Palzang Bhutia 
           Sikkim..