Powered By Blogger

Sunday 4 November 2018

ཆོས་འཁོར་ དུས་ཆེན།

སངས་རྒྱས་ མངོན་པར་ རྡོ་རྗེ་གདན།
ཞག་པོ་ བདུན་ཕྲག་ བདུན་ཟངས་ལོ།
ཟབ་རྒྱས་ ཆོས་ཀྱི་ ཕུང་པོ་འདི།
ཚིག་གི་ བདུད་རྩི་ མ་གསུང་བར།

དམ་བཅའ་ བཞེས་པའི་ དུས་ཚོད་ན།
ལྷ་རྒྱལ་ ཚངས་པོ་ བརྒྱ་བྱིན་གྱིས།
གསོལ་བ་ འདེབས་པར་ ཆོས་འཁོར་ལོ།
དམ་བཅའ་ ནང་ལས་ བཞེང་སྟི་ཀིས།

ཆོས་འཁོར་ དུས་བཟང་ གཟིགས་སྟི་ཀི།
ཝ་ར་ དྲང་སྲོང་ ནགས་ཕྱོགས་ལོ།
ལྔ་སྡེ་ ལྷ་ཁྲི་ སེམས་ཅན་ལོ།
ཆོས་ཀྱི་ འཁོར་ལོ་ བདེན་བཞི་གསུང་།

སོ་ལྔ་ ཟླ་དྲུག་ ཚེས་བཞི་ལོ།
བདེན་བཞི་ ཐོབ་པའི་ དགྲ་བཅོམ་སོགས།
ལྷ་དང་ འགྲོ་བ་ བདེན་མཐོང་ལས།
ཆོས་འཁོར་ དུས་བཟང་ མཁྱེན་བོ་གནང་༎



༼ངས་ བསམ་འཆར་ དྲུག་པ་ ཚེས་བཞི་ དུས་ཆེན་ འདི་ནང་ལོ་ ང་ཅག་ འབྲས་ལྗོངས་ལོ་ ཆོས་བཤད་ཀྱི་ དོན་ལས་ ཐུགས་བསམ་ གནང་དགོས་པོ་ འདུག་ མ་འོངས་པོ་ན་ ཆོས་བཤད་ བྱ༹ས་བའི་ ལུགས་སྲོལ་ བཟོ་དགོས་པོ་ འདུག  ད་ལྟ་ཟངས་ མིན་འདུག་ དམིགས་བསལ་གྱི་ དྲུག་པ་ ཚེས་བཞི་ སྐབས་ལོ་ འདི་ ང་ཅག་ ཐམས་ཅད་ཀྱི་ ཐུགས་དོན་ གནང་དགོས་ ཞུ།༽

ཐུབ་བསྟན་དཔལ་བཟང་གིས།

ཐུབ་བསྟན་ དཔལ་བཟང་།
འབྲས་ལྗོངས་ཀྱི་ ལྷོ་སྐད།

༈ འབྲས་ལྗོངས་ཀྱི་ ལྷོ་སྐད་ ཚོགས་པོ་ གཞི་བཙུགས་ དགོས་པོའི་ དམིགས་ཡུལ་ ནེ།
༈ སྦས་ཡུལ་ འབྲས་མོ་ ལྗོངས་ལོ་ བཞུགས་པའི་ ལྷོ་པོའི་ མི་རིག་ཙུའི་ རིག་གཞུང་ དང་ ལོ་རྒྱུས་ ཀེས་པོ་ ཡོད་པོ་ ཨིན། འདིའི་ ནང་ལས་ རང་གི་ སྐད་ལོ་ ཡར་རྒྱས་ རྒྱ་ཆེ་དྲགས་ བྱ༹ས་དགོས་པོ་ ལེབ་སྟི་ གལ་ཆེན་པོ་ གཅིག་ ཨིན་ཟང་ འབྲས་ལྗོངས་ཀྱི་ ལྷོ་སྐད་ ལབ་མཁན་ གདོང་དེབ་ ཚོགས་པོ་ གཅིག་ བཟོ་བོ་ ཨིན། འབྲས་ལྗོངས་ཀྱི་ ལྷོ་སྐད་ ལབ་མཁན་ ཚིག་ གསར་པོ་ གཅིག་ཡང་ མན་ དེ་ཟང་ འདི་ བེད་སྤྱོད་ མ་ཡ་ ཤད་ བྱ༹ས་སྟི་ ཚིག་གསར་ འདེམ་གཅིག་ མཐོང་བོ་ ཨིན། གན་ཨིན་རུང་ འབྲས་ལྗོངས་ཀྱི་ ལྷོ་སྐད་ ཚོགས་པོ་ གདོང་དེབ་ནང་ལོ་ བཟོ་དགོས་པོ་ དམིགས་དོན་ གཙོ་བོ་ གན་བོ་ སེ་ན་ ང་ཅག་ ཐམས་ཅད་ དེང་སང་ འཕྲུལ་ཆས་ དང་ སྤྱི་ཚོགས་ལོ་ ཕན་པའི་ དྲ་རྒྱ་ཙུ་ ཀེས་པོ་ ཡོད་པོའི་ ནང་ལས་ གདོང་དེབ་ འདི་ ཕན་ཏོགས་ སྦོམ་པོ་ གཅིག་ཐོན་ ཡོད་པོ་ ཨིན། ཚོགས་པོ་ འདི་ སྤྱི་ལོ་ ༢༠༡༡ ཟླ་བ་༨་ ཚེས་༡༨་ ཉིན་ལོ་ འབྲས་ལྗོངས་ཀྱི་ རྒྱལ་ས་ གཉིས་པོ་ རྒྱལ་ཞིང་ ནུབ་ འབྲས་ལྗོངས་ ས་གནས་ ལ་སྒང་ ལབ་ས་ ལས་དབང་གི་ འབྲས་ལྗོངས་ གཞུང་གི་ རྒྱལ་ཞིང་ མཐོ་རིམ་ སློབ་གྲྭའི་ སློབ་དཔོན་གྱི་ གོ་གནས་ ཐོབ་སྟི་ སྡོད་པའི་ སྐབས་ལོ་ གདོང་དེབ་ ཉིན་རེ་ བཞིན་ བེད་སྤྱོད་ བྱ༹ས་བཞིན་ ཡོད་པའི་ དུས་བཟང་ གཅིག་ན་ལོ་ ངའི་ སེམས་ནང་ལོ་ རང་གི་ མི་རིགས་ ཉམས་པུ་ འབྲེལ་བ་ བྱ༹ས་ཤད་ དྲ་རྒྱ་ནང་ལོ་ འཚོལ་བའི་ སྐབས་ལོ་ གཅིག་ཡང་ ཐོབ་མ་ཚུགས་ས་ལས་ ངའི་ སེམས་ནང་ལོ་ ད་ དུས་བཟང་ འཕྲུལ་ཆས་ཀྱི་ ཉིན་ལོ་ ཚོགས་པོ་ གཅིག་བཟོ་སྟི་ འདི་ནང་ལོ་ ང་ཅག་ ལྷོ་པོའི་ དོན་ལས་ གན་ཡང་ ཐོབ་ཚུགས་ མཁན་ཚོགས་པོ་ གཅིག་བཟོ་ཤད་ཀྱི་ ཐག་ཆད་ བྱ༹ས་བོ་ ཨིན། འདི་སྐབས་ལོ་ ཚོགས་པོ་ འདིའི་ མིང་འདི་ གན་བཞག་ དགོས་པོ་ སེམས་ནང་ལོ་ ཤར་བོ་ དང་ མཉམ་གཅིག་ འབྲས་ལྗོངས་ཀྱི་ ལྷོ་སྐད་ ལབ་སྟི་ མིང་ ཐོབ་ས་ ལམ་ཀྱང་ དང་པོ་ གདོང་དེབ་ ཚོགས་པོ་ (Denjongke Lho kay, facebook group) གཅིག་ བཟོ་བོ་ ཨིན། ཨོ་ན་ལས་ ཚོགས་པོ་ ནང་ལོ་  འཐུས་མི་ རེ་རེ་བཞིན་ བྱ༹ས་སྟི་ ད་ལྟ་ཟང་ འབྲས་ལྗོངས་ཀྱི་ ལྷོ་སྐད་ ཚོགས་པོ་ ནང་ལོ་ འཐུས་མི་ ༡༢༠༠༠ ལས་ལྷག་ཚད་ ཡོད་པོ་ ཨིན། འདི་ འདྲ་བྱ༹ས་སྟི་ འབྲས་ལྗོངས་ཀྱི་ ལྷོ་སྐད་ཚོགས་པོ་ འདི་ གདོང་དེབ་ ཚོམ་བུ་ DLK Facebook Group དགོང་དེབ་ ཤོག་ཀུ་ DLK Facebook page, གུ་གུལ་ནང་ བྷོ་ལོཊ་ Google+Blog DLK འོཊ་ཨེབ་ WhatsApp DLK དང་ ཡུ་ཌུབ་ཙུ་ Youtube DLK  ཨེན་ས་ཊ་ག་རམ Instagram DLK ནང་ལོ་ འབྲས་ལྗོངས་ཀྱི་ ལྷོ་སྐད་ ཚོགས་པོ་ བཟོ་ ཡོད་པོ་ ཨིན། འདི་ཙུ་ ནང་ལོ་ བཟོ་དགོས་པོ་ རྒྱུ་མཚན་ གན་ཨིན་སེ་ན་ ང་ཅག་གི་ ལྷོ་པོའི་ སྐད་རིགས་ དང་ འབྲེལ་བ་ ཡོད་པའི་ མཁོ་ཡོད་པའི་ པར་རིག་ དང་ གླུ་གཞས་སོགས་ ཐོབ་ཚུགས་ཤད་ ཨིན། འདི་ དང་ འདྲ་བོ་ བྱ༹ས་སྟི་ ལྷོ་པའི་ སློབ་ཕྲུག་ཙུའི་ དོན་ལས་ རྩོམ་ཤོག་ཙུ་ ཐོབ་ལམ་ བྱ༹ས་ཡོད་པོ་ ཨིན། འདི་དང་ འདྲ་བོ་ བྱ༹ས་སྟི་  རིག་གཞུང་ ལྡན་པོ་ པར་ཙུ་ ཡང་ ཕན་ཏོག་ སྦོམ་པོ་ ཡོད་པོ་ དང་ ལྟག་པར་ འབྲས་ལྗོངས་ ལྷོ་པའི་ མི་རིགས་ཙུའི་ ཕྱག་ལས་ དང་ མི་གཏམ་ཙུ་ ཐོན་ཡོད་པའི་ ཕྱག་ལས་ དང་ ལོ་རྒྱུས་ཙུ་ཡང་ ཁྱབ་འཕེལ་ བྱ༹ས་བཞིན་པོ་ ཨིན། འདེས་ བྱ༹ས་དགོས་པོའི་ རྒྱུ་མཚན་ གཙོ་བོ་ནེ་ ལྷོ་པའི་ མི་རིགས་ཙུ་ གཅིག་ཅིག་ལོ་ ངོ་ཤེས་ཚུགས་པོ་ དང་ གཅིག་ཅིག་ལོ་ ཕན་ཏོགས་ དང་ རོམ་རམས་ སྦོམ་པོ་  ཐོན་ཤད་ ཡོད་པོ་  ཨིན།།


འབྲས་ལྗོངས་ཀྱི་ ལྷོ་སྐད་ ཚོགས་པའི་ ད་ལྟ་ཟང་ གཡོག་ཙུ་ གན་གན་ བྱ༹ས་བཞིན་པོ་ དང་ བྱ༹ས་ཡོད་པོ་ཙུ་ ནེ།
དང་པོ་ རང་གི་ སྐད་རིག་ ཡར་རྒྱས་ཀྱི་ དོན་ལས་ ཉིན་རེ་ བཞིན་ ཚིག་རེ་རེ་ གདོང་དེབ་ ཚོགས་པོ་ཙུ་ ནང་ལོ་ སླབ་བྱི༹ན་དོ་ ཨིན། གཉིས་པོ་ ཚོགས་པའི་ འཐུས་མི་ཙུ་ཀིས་ ལྷོ་སྐད་ ཉིན་ལབ་སྟི་ རེ་གཟའ་ ཉི་མ་ལོ་ རང་སྐད་ སྐྱབས་དགོས་པོ་ ལབ་སྟི་ བཟོཽ་ཡོད་པོ་ ཨིན། གསུམ་པོ་ ལོ་ལྟར་ འབྲས་ལྗོངས་ ལྷོ་པའི་ གྱོན་ཆས་ཀྱི་ སྐོར་ལས་ བདུན་ཕྲག་ དང་ ཟླ་བོ་ ལབ་བཟོ་ ཡོད་པོ་ ཨིན། བཞི་པོ་ ལོ་ལྟར་ སྐྱེ་སྟོབས་ རིག་རྩལ་ ཡང་ ལྷོ་པོའི་ གླུ་གཞས་ཙུ་ གཟུགས་མཐོང་ གློབ་བརྙན་ ཐུང་ཐུང་བྱ༹ས་སྟི་ བཟོ་སྟི་ འགྲན་སྡུར་ བྱ༹ས་དོ་ ཨིན། ལྔ་པོ་ ལྷོ་པའི་ སྙན་རྩོམ་ འགྲན་སྡུར་ཙུ་ གཞི་འགོ་ ཕྱི་ལོ་ ༢༠༡༨་ལས་ བཙུགས་ཡོད་པོ་ ཨིན། འདི་ འདྲ་བོ་ མ་འོངས་པའི་ སྐད་རིག་ ཡར་རྒྱས་ དང་ སྤྱི་ཚོགས་ཀྱི་  དོན་ལས་ འཆར་གཞི་ཙུ་ ཀེས་པོ་ཙུ་ བཙུགས་ཤད་ ཡོད་པོ་ འདི་ནང་ མཁས་དབང་ ལྷན་རྒྱས་ དང་ རྒྱུ་འབྱོར་ སྟོབས་ལྡན་ གཞོན་བོ་ ལྷན་རྒྱས་ཙུ་ལོ་ མ་འོངས་པོ་ འཆར་གཞི་ལོ་ ཐུགས་གནང་ རྒྱ་ཆེ་དྲགས་ གནང་བའི་ རེ་བ་ སྦོམ་པོ་ བཞག་བཞིན་ འབྲས་ལྗོངས་ཀྱི་ ལྷོ་སྐད་ འཐུས་མི་ དང་ རྒྱབ་སྐྱོར་ གནང་མཁན་ ལྷན་རྒྱས་ ཐམས་ཅད་ གང་པོ་ལོ་ སོར་བཅུ་ པད་མའི་ འདབ་མ་ སྙིང་ཁར་ བཀོད་སྟི་ སྙིང་ལས་ར་ ཐུགས་རྗེ་ཆེ་ཆེ་ ཞུ་དོ་ ཨིན་ནོ༎  ༎