Powered By Blogger

Friday 26 April 2013


༈ འབྲས་ལྗོངས་ཀྱི་ ལྷོ་སྐད་ སྲུང་སྐྱོབ་ བྱ༹ས་བའི་ དོན་ལོ་ ཐབས་ལམ་ ལྔ་ནེ། 

༼༡༽ ཐབས་ལམ་ དང་པོ་ མི་རིགས་ རང་རང་ སཽའི་ མི་ཐམས་ཅད་ཀྱིས་ མནོ་བསམ་ གཅིག་ལོ་ ཐུན་བའི་ སྒོ་ལས་ རང་གི་ སྐད་ཡིག་ མི་ཉམས་ གོང་འཕེལ་ བྱ༹ས་བའི་ སྦོབས་པོ་ དང་ བརྩོན་སེམས་ བསྐྱེད་པོ་ འདི་ ལེབ་སྟི་ གལ་ཆེན་ ཨིན། མི་རིགས་ རང་གི་ སྦོབས་པོ་ ཞུམ་པོ་ དང་ རང་གི་ རིགས་གནས་ལོ་ སྐྱོན་ལོ་ བལྟ་སྟི་ སྣང་མེད་ ཡང་ན་ རིགས་གནས་ འདི་ལོ་ རང་གི་ ཡང་ སྤང་ནེ་ གཞན་ གན་མོའི་ཡང་ སྐད་རིག་ སྐྱོབ་ཐབས་ གན་ཡང་ མེད་པོ་ ཨིན། འདི་ དང་ འདྲ་བོ་ བྱ༹ས་ སྔོན་མོའི་ ལོ་རྒྱུད་ ཀེས་པོ་ཙུ་ ཡོད་པོ་ ཨིན། མི་རིགས་ ལ་ལ་ཀི་ རང་གི་ སྐད་ལོ་ སྐྱོན་ལོ་ བལྟ་སྟི་  འདི་ལས་ དཔལ་འབྱོར་གྱི་ ཁེ་སང་ལོ་ མནོ་སྟི་ ཕ་སྐད་ ཤེས་ན་ དོན་མེད་ལོ་ མནོ་སྟི་ རང་གི་ རིགས་གནས་ལོ་ སྐྱོན་ལོ་ བལྟ་སྟི་ སྤོང་པོ་ དང༌ འདི་འདྲ་བོ་ བྱ༹ས་སྟི་ རང་གི་ བོ་ཙོ་ལོ་ ཁ་སྐད་ མ་བསླབས་ན་ མི་རབས་ གཉིས་གསུམ་ཙུ་ན་ མི་ཙུ་ལོ་ འདི་ འདྲ་བོ་ སྒོ་སྐབས་  རྟེན་བརྟེན་ མ་བྱ༹ས་ན་ ད་ལྟའི་ རང་གི་ གཡོག་ འདི་ མི་རབས་ འོང་མཁན་ཙུ་ལོ་ ལེབ་སྟི་ གནོད་ཚབས་ སྦོམ་པོ་  ཐོན་ཤད་ ཨིན་བོ་ ཐམས་ཅད་ཀྱི་ མཁན་དགོས་པོ་ གལ་ཆེན་ ཨིན།


༼༢༽ ཐབས་ལམ་ གཉིས་པོ་ མི་མང་ ཆེ་ཤོག་ གཅིག་གིས་ འཛམ་བུ་ གླིང་གི་ སྐད་ཀྱི་ གྱངས་ཁ་ན་ ཉུང་བའི་ མི་རིགས་ཀྱི་ སྐད་ཙུ་ རང་གི་ མི་རིགས་ཀྱི་ སྐད་རིམ་པོ་ བཞིན་ལོ་ ནུབ་པོར་ འགྱུར་བའི་ ཕྱོགས་ལོ་བསྐྱེད་བཞིན་ ཡོད་པོ་ མི་ཤེས་པོ་ དང༌། ད་ལྟ་ གཞོན་བོ་ཙུ་ སྐད་རིགས་ གཞན་མོའི་ ཐ་སྙད་ལོ་ དོ་སྣང་ མང་བཞིན་ འགྱུ་བཞིན་ ཡོད་པོ་ འདི་ ཕ་སྐད་ ནུབ་པོའི་ སྔ་ལྟས་ ཨིན་བོ་ འདི་ལོ་ མི་ཤེས་པོ་ དང༌། ད་ལྟོ་ སྐད་གཉིས་ ཤེས་མཁན་ འདི་ མ་འོངས་པོ་ན་ སྐད་གཅིག་ ལས་ མི་ཤེས་པོ་ དང༌། དུས་ཚོད་ཙུ་ ཉིམ་ལས་ ཉིམ་ ནུབ་པོ་ འགྱུ་བཞིན་ ཡོད་པོ་ མ་འོངས་པ་ གན་ཐོན་ཤད་ ཐམས་ཅད་ཀྱི་ མཁན་དགོས་པོ་ ཨིན། རྒྱལ་ཁབས་ རང་རང་ སཽའི་ ཁྲིམས་ལོ་ བརྟེན་བོ་ལས་ སྐད་ཡིག་གི་ ཐོབ་ཐང་ བརྩོན་ལེན་ བྱ༹ས་དགོས་པོ་ འདི་ གལ་ཆེན་ ཨིན། རྒྱལ་ཁབས་ཀྱི་ རྩ་ཁྲིམས་ ནང་ལོ་ གྱངས་ཁ་ མང་ཉུང་གི་ མི་རིགས་ཀྱི་ ས་གནས་ཙུ་ན་ལོ་ རང་རང་གི་ སྐད་ དང་ ཡི་གེ་ བདེ་སྦྱོད་ བྱ༹ས་ ཆོག་པོའི་ གཡོག་ཙུ་ བྱ༹ས་དགོས་པོ་ གལ་ཅན་ སྦད། ཁྲིམས་ལོ་ བརྟེན་བོ་ལས་ སྐད་ དང་ ཡི་གེའི་ ཁྲིམས་མཐུན་གྱི་ ཐོབ་ཐང་ཙུ་ བདེ་སྦྱོད་ བྱ༹ས་དགོས་པོ་ གལ་ཆེན་ ཨིན།

༼༣༽ ཐབས་ལམ་ གསུམ་པོ་ དག་ཡིག་ དང་ ཚིག་མཛོད་ བསྒྲིག་ཀོ་ དང་ བརྡ་སྤྲོད་ཀྱི་ གཞུང་ རྩ་འགྲེལ་ རྩོམ་བསྒྲིག་ བྱ༹ས་དགོས་པོ་ དང་ སློབ་གྲྭ་ རིམ་པོ་ ཁག་གི་ བསླབ་གཞི་ གཏན་འབེབས་ཙུ་ཀི་ ཡིག་ཆ་ སྐོར་ སྔོན་མ་ལས་ མེད་མཁན་ འདི་ པར་བསྐྲུན་ དང་ ཡོད་པོ་ཙུ་ ཕུན་སུམ་ ཚོགས་པོ དང་ བཟོ་བོ་ གནང་ དགོས་པོ་ དང་ གཞོན་མེ་ཡང་ ཚོང་ལས་ དང་ ཁྲིམས་ལུགས་ཙུ་ན་ལོ་ རང་གི་ སྐད་ དང་ ཡི་གེས་ ཁྱབ་པོ་ བྱ༹ས་དགོས། ཐ་ན་ འཕྲིན་ཡིག་གི་ ཡིག་ཤུགས་ལོ་ དང་ སྤྱི་གཉེར་ ཁང་ དང་ ལས་ཁུངས་ཀྱི་ སྒོ་བྱང་ དང་ གཞུང་ལམ་གྱི་ ལམ་ཡིག་ ཡོད་ཚད་ རང་གི་ སྐད་ཡིག་ གིས་བྲིས་ དགོས་པོ་ དང༌། འགྲིམ་བརྡ་ དང་ འགྲིམ་ཡིག་ དང་ ཚོགས་འདུའི་ ཟིན་ཐོ་ ཙུ་ལོ་ ཐམས་ཅད་ལོ་ ཕ་སྐད་ལོ་ དབང་བྱ༹ས་ མཁན་ཙུའི་ སྐད་ཡིག་ གཞན་པོ་ འདི་ དང་ འདྲ་ མཉམ་ལོ་ འགྱུ་ ཐུབ་པོ་ ཅིག་ལོ་ བརྩོན་འགྲུས་ གནང་དགོས་པོ་ གལ་ཆེན་ ཨིན། འབྲས་ལྗོངས་ཀྱི་ སློབ་གྲྭ་ ཆུང་འབྲིང་ ཆེ་གསུམ་གྱི་ བསླབ་ཚན་གྱི་ ནང་ལོ་ ཕ་སྐད་ཀྱི་ བརྡ་སྤྲོད་ རིག་པོ་,  སྙན་ངག་,  མངོན་བརྗོད་ ཙུས་ སྲོལ་རྒྱུན་ རིགས་གནས་ཀྱི་ སློབ་ཁྲིད་ ཡོད་པོ་ བཅུག་ཀོ་ མ་བྱ༹ས་བ་ རྩིས་དངོས་རྫས་ གསུམ་ཙུས་ རང་གི་ ཕ་སྐད་ཀྱི་ ཐོག་ལས་ སློབ་ཁྲིད་ བྱ༹ས་མཆོག་པོ་ ཡོད་པོ་ བཟོ་དགོས་པོ་ གལ་ཆེན་ ཨིན།

༼༤༽ ཐབས་ལམ་ བཞི་པོ་ འབྲས་ལྗོངས་ ནང་ལོ་ རང་རང་ སཽའི་ གྱོང་ན་ལོ་ ཕ་སྐད་ མི་ཤེས་ མཁན་ གཞོན་བོ་ཙུ་ལོ་ ཡིག་རྨོངས་ སེལ་བའི་ གནས་སྐབས་ཀྱི་ སློབ་སྦྱོང་ འཛིན་གྲྭ་ བཙུགས་ཀོ་ལས་ འབྲི་ཀློག་ སྦྱང་བོ་ བྱ༹ས་བོས་ དོན་ལས་ ཕྱག་ལས་ བྱ༹ས་ དགོས་པོ་ དང་ ཕ་སྐད་ཀྱི་ ཐོག་ལས་ ཁོར་ཡུག་ སྲུང་སྐྱོབ་ དང་ གཙང་སྤྲ་ འཕྲོད་བརྟེན་ དང་ ལུས་ཁམས་ བདེ་སྲུང་ དང་ ལོ་རྒྱུས་ དང་ དམ་པའི་ ཆོས་ཙུས་ སློབ་ཁྲིད་ བྱ༹ས་བོ་ གནང་དགོས་བོ་ གལ་ཆེན་ ཨིན། ཕ་སྐད་ཀྱི་ གསར་ཤོག་ དང་ བརྙན་འཕྲིན་ དང་ རླུང་འཕྲིན་ དང་ དུས་དེབ་ཙུ་ ཕྱག་ལས་ གནང་དགོས་པོ་ དང་ སྐད་རིགས་ ཡར་རྒྱས་ཀྱི་ དོན་ལོ་ ཚོགས་པོ་ཙུ་ བཙུགས་ཀོ་ གནང་དགོས་པོ་ གལ་ཆེན་ ཨིན། དེང་སང་ གསར་ཐོན་གྱི་ དངོས་པོ་ཙུ་ དང་ ཉིམ་ལས་ ཉིམ་ ཀེས་པོ་ ཐོན་བཞིན་ ཡོད་པོ་ འདི་ཙུ་ལོ་ མིང་ཚིག་ དང་ ཐུན་པོ་ མིང་ཙུ་ བཏགས་སྟི་ མུ་འཐུད་སྟི་ ཚིག་མཛོད་ཙུ་ན་ལོ་ བཅུག་དགོས་པོ་ དང་ སྐད་ཡིག་ འདི་ལོ་ དེང་སང་མཐུན་པའི་ གཡོག་ཙུས་ བྱ༹ས་བའི་ ཐམས་ལམ་ ཙུས་ གན་གན་ བྱ༹ས་ཚུགས་པོ་ ཡོད་པོ་ སེ་ན་ དཔེར་ན་ གསང་ཐག་ (Internet) ནང་ལོ་  རང་གི་ སྐད་རིག་ ཡར་རྒྱས་ དོན་ལོ་ བྲིས་རྩོམ་ཙུ་ བྲིས་སྟི་ འཛམ་གླིང་ ཐམས་ཅད་ལོ་ ཁྱབ་པོ་ བྱ༹ས་དགོས་པོ་ གལ་ཆེན་ སྦད་།  ད་ལྟ་ ཁྱབ་སྐྲགས་ཅན་ སྤྱི་ཚོགས་ ལོ་ ཕན་ཏོགས་ ཡོད་མཁན་ གདོང་དེབ་ (facebook & Google) ནང་ལོ་ ང་ཅག་གི་ འབྲས་ལྗོངས་ཀྱི་ ལྷོ་སྐད་ཀྱི་་ (Denjongke Lho kay) ཚོགས་པོ་ཙུ་ བཟོ་སྟི་ རང་སྐད་ མ་ཤེས་ མཁན་ལོ་ རང་གི་ སྐད་ དང་ རིགས་གཞུང་གི་ སྐོར་ལས་ དྲི་བ་ དྲི་ལན་ དང་ སྐད་ སླབ་བཤད་ཀྱི་ དོན་ལོ་ གཡོག་ཙུ་ བྱ༹ས་ཚུགས་པོ་ ཡོད་པོ་ དང་ བསམ་པོ་ཙུ་ གཞན་ལོ་ བྱིན་ དགོས་པོ་ གལ་ཆེན་ ཨིན་བོ་ འདི་ ལྷན་རྒྱས་ ཐམས་ཅད་ཀྱི་ ཐུགས་འགན་ བཞེས་དགོས་ གལ་ཆེན་ སྦོམ་པོ་ ཅིག་ཨིན།  རང་སྐད་  འདི་ལོ་ གློག་རྡུལ་ ལག་རྩལ་ ནང་ལོ་ བརྟེན་བོ་ལས་ གློག་རྡུལ་ རྩིས་འཕྲུལ་ དང་ བརྡ་འཕྲིན་གྱི་ མྱུར་འགྱུས་ ལམ་ཐོག་ལོ་ བཞག་དགོས་པོ་ བྱ༹ས་ དགོས་པོ་ གལ་ཆེན་ ཨིན།

༼༥༽ ཐབས་ལམ་ ལྔ་པོ་ དམ་པའི་ ཆོས་ དང་ སྒྱུ་རྩལ་གྱི་ ནུས་པོ་ལས་ བརྟེན་འདི་ སྐད་ཡིག་སྲུང་ སྐྱོབ་ དང་ ཉམས་ གསོ་བྱ༹ས་སྟི་ ཕ་སྐད་ཀྱི་ ཐོག་ལས་ དམ་པའི་ ཆོས་ཀྱི་ ཁ་དོན་ཆོས་བསྒྲོག་ཀོ་བློ་ལོ་ བཟུང་ཤད་, དང་  ཆོས་ཀྱི་ གཞུང་ལོ་ འཆད་ཉན་ བྱ༹ས་བ་ ཅེ་ན་ སྐད་ཡིག་ སྲུང་སྐྱོབ་ བྱ༹ས་བའི་ བཙན་རྫོང་ འདྲ་བོ་ ཨིན། དཔེ་ན་ ཨེབ་ རི་ཀ་ལོ་ ཡུལ་ སྐད་ མང་པོ་ ཙུས་ན་ དབྱིན་ཇིའི་ སྐད་ཀྱིས་ བཅོམ་བོ་ལས་ མེད་པོ་ བྱ༹ས་བའི་ ཚེ་ ཆོས་ལུགས་ཀྱི་ ཁོངས་སུ་ གཏོགས་པའི་ བརྗོད་བྱ་ཙུ་ དང་ ཐ་སྙད་ གཞན་ ཐམས་ཅད་ ནུབ་པའི་ རྗེས་ལོ་ ད་རུང་ ལྷག་ ཡོད་པོ་ དང༌། འདི་ གམ་བྱ༹ས་ ལབ་ན་ ཆོས་ལུགས་ལོ་ དད་པོ་ དང་ འདུན་པོ་ བྱ༹ས་པའི་ དབང་གི་ འདིའི་ རྗོད་བྱེད་ ཕ་སྐད་ལོ་ ཡང་ ཕན་ཐོག་བོ་ སྦད། ཡང་ སྒྱུ་རྩལ་ཀྱི་ ནུས་པོ་ཀྱང་ ཕ་སྐད་ སྲུང་སྐྱོབ་ དང་ ལོག་ཏེ་ར་ གསོ་ཙུ་པོ་ ནུས་པོ་ ཡོད་སྟི། རང་སྐད་ཀྱིས་ གླུ་ལེན་པོ་ དང་ ཟློས་གར་ དང་ གར་འཆམ་ དང་ འཁྲབ་བརྟེན་ སྒྲུང་,  གཏམ་རྒྱུད་ ཁ་ཤག་ བཤད་པོ་ དང༌ གཞན་ཙུ་ ཡང་ གླུ་གར་གྱི་ སྒྱུ་རྩལ་ལོ་ བརྟེན་བོ་ལས་ ཕ་སྐད་ སྲུང་སྐྱོབ་ དང་ ལོག་ཏེ་ར་ གསོ་དགོས་པོའི་ དོན་ཙུས་ ཀེས་པོ་ ཚོགས་ཡོད་པོ་ ཨིན། ང་ཅག་ ཐམས་ཅད་ གཡོག་ འདི་ལོ་ ཞུགས་ཀོ་ལས་ སྟོབས་ཤུགས་ ཅིག་བསྒྲིལ་ བྱ༹ས་སྟི་ ཕ་སྐད་ སྲུང་སྐྱོབ་ དང་ མི་ཉམས་ གོང་འཕེལ་ དོན་ལོ་ མི་རིགས་ འདི་ཀི་ མི་ཐམས་ཅད་ དོན་ ཨིན་པོ་ ཁྱིམ་ཚང་ རེ་རེ་ དང་ མི་རེ་རེ་ལོ་ འགན་ཡོད་པོ་་ ཐམས་ཅད་ཀྱི་ མཉམ་པོ་ ལོ་ འབད་བརྩོན་ བྱ༹ས་དགོས་པོ་ གལ་ཆེན་ ཨིན་ མཁས་དབང་ མཁན་ཆེན་ ཚུལ་ཁྲིམས་ བློ་གྲོས་ཀྱིས་ གསུངས་པོ་ གནང་བཞིན་ནེ་ མི་རིགས་ རང་རང་སཽའི་ རྣམ་འགྱུར་ འདི་ནེ་ ལེབ་སྟི་ གལ་ཆེན་ཨིན།  པྱ༹་མེད་མ་ མི་རིགས་ རང་གིས་ཀྱང་ རིག་གནས་ལོ་ སྐྱོན་ལོ་ བལྟ་བོ་ དང་ གཅིག་ཅིག་ལོ་ སྐྱོན་བརྗོད་ བྱ༹ས་བ་ ཅེ་ནེ་ རང་གི་ སྐད་རིག་ འདི་ལོ་ གཞན་མོའི་གན་ གྱིས་ཀྱང་ སྐྱོབ་མི་ ཙུགས་པོ་ དང་ རང་བཞིན་ སྐད་ཉམས་པོར་ འགྱུར་ཤད་ ཨིན་པོ་ མཁྱེན་དགོས་པོ་ གལ་ཆེན་པོ་ ཨིན་ནོ། །།
འབྲས་ལྗོངས་པོ་ ཐུབ་བསྟན་ དཔལ་བཟང་།