Powered By Blogger

Wednesday 24 May 2017

༄༅། ། སྙིགས་དུས་ རྒྱལ་བ་ དངོས་འདྲའི་ མཛད་པ་ཅན། ཐུགས་རྗེ་ བཀའ་དྲིན་ ཚད་མེད་ རྒྱལ་བས་ལྷག  ཡང་དག་ དགེ་བའི་ བཤེས་གཉེན་ མ་བརྟེན་ན། དམུས་ལོང་ དམིགས་སུ་ མེད་པ་ ལམ་ཞུགས་འདྲ། དཔལ་སྤྲུལ་རིན་པོ་ཆེན་པས།
མཐའ་དག་ ཡོན་ཏན་ རྫོགས་པའི་ བླ་མ་ནི། སངས་རྒྱས་ ཀུན་གྱི་ ཐུགས་རྗེ་ ཡེ་ཤེས་ཁྱབས།
གདུལ་བྱའི་ ཡུལ་ལ་ སྐྱེས་བུའི་ གཟུགས་ཀྱི་ བྱོན། དངོས་གྲུབ་ ཀུན་གྱི་ རྩ་བ་ བླ་ན་མེད། ཞེས་སོ།
དཔལ་ལྡན་ རྩ་བའི་ བླ་རིན་པོ་ཆེ། བདག་གི་ སྙིང་གར་ པདྨའི་ གདན་བཞུགས།
བཀའ་དྲིན་ ཆེན་པོའི་ སྒོ་ནས་ རྗེས་བཟུང་སྟེ། སྐུ་གསུངས་ ཐུགས་ཀྱི་ དངོས་གྲུབ་ རྩོལ་དུ་ གསོལ།།
རབ་བྱུང་༡༧ རབ་གནས་ མེ་མོ་ བྱ་མོའི་ ཟླ་བ་༢་ ཚེས་༧་ བོད་རྒྱལ་ལོ་ ༢༡༤༤ སྟོན་པོའི་ འདས་ལོ་ ༢༥༦༡ ཕྱི་ལོ་༢༠༡༧ ཟླ་བ་༤་ ཚེས་ ༣་ ཉིན་ལོ་ གནས་ཆེན་ བྲག་དཀར་ བཀྲ་ཤིས་ སྡིངས་ཀྱི་ དགོན་ཆོས་ སློབ་གྲྭ་ རིག་གཞུང་ དགའ་ཚལ་ སློབ་གྲྭའི་ སློབ་དཔོན་ ཆེན་པོ་ རིག་ དང་ དཀྱིལ་འཁོར་ རྒྱ་མཚོའི་ ཁྱབ་བདག་ འཁོར་ལོའི་ མགོན་པོ་ རྗེ་བཙུན་ བླ་མ་ བཀའ་དྲིན་ གསུམ་ལྡན་ ལྡན་ཆེན་པོ་ ༼དོན་གྱིས་སླད་དུ་ མཚན་བརྗོད་ན༽ སློབ་དཔོན་ དགེ་སློང་ ལྷུན་གྲུབ་ མཆོག་ལོ་  སློབ་ཕྲུག་ཙུ་ དང་ དད་ལྡན་ མི་མང་ཙུ་ཀིས་ ཉིན་གཅིག་གི་ ལས་རིམ་ བཀྲ་ཤིས་པའི་ དགའ་སྐྱེལ་ ཤིས་བརྗོད་ཀྱི་ རྟེན་འབྲེལ་ བཟང་པོ་ འདི་ རིག་གཞུང་ དགའ་ཚལ་ སློབ་གྲྭའི་ ཚོགས་ཁང་ སྦོམ་པོ་ ནང་ལོ་ ཚོགས་པོ་ གནང་བོ་ ཨིན།  འདི་ སྐབས་ལོ་ བྱོན་བོ་ གནང་མཁན་ མགྲོན་པོ་ གཙོ་བོ་ སློབ་དཔོན་ དགེ་སློང་ ལགས་ ཆོས་ཁྲིམས་པོ་ རྡོ་ཅུང་ སློབ་ཕྲུག་ རྒན་གཞོན་བར་གསུམ་ ཨ་ཞི་ ནག་ཀུམ་ ནང་མི་ དང་ བཀྲ་ཤིས་སྡིངས་ཀྱི་ མི་མང་བཅས་ ཞལ་འཛོམས་ ཐོག་ལས་ དགའ་སྐྱེལ་ ཤིས་བརྗོད་ཀྱི་ རྟེན་འབྲེལ་ དབུ་གཙུགས་ གནང་བོ་ ཨིན།
དགའ་སྐྱེལ་ ཤིས་བརྗོད་ཀྱི་ དགའ་སྟོན་ ཆེན་པོའི་ མཛད་རིམ།
༡༽ སློབ་ཕྲུག་ཙུ་ དང་ མགྲོན་པོ་ཙུ་ ཞལ་འཛོམས་  གནང་བོ་ ཨིན།
༢༽སློབ་དཔོན་ལགས་ལོ་ ཕེབས་བསོ་ སློབ་དཔོན་ རྣམ་གྲོལ་ལགས་ དབུ་ཁྱིགས་ གནང་བོ་ ཨིན།
༣༽མགྲོན་པོ་ གཙོ་བོ་ མར་མེ་ ཕུལ་བོ་ ཨིན། ཚོགས་ཆུང་གིས་ མཇལ་དར་ ཕུལ་བོ་ ཨིན།   
༤༽ སློབ་ཕྲུག་ཙུ་ཀིས་ བཀྲ་ཤིས་ བརྒྱད་པོ་  གསུང་བཤད་ གནང་བོ་ ཨིན།  
༥༽བྱོན་བ་ ལེགས་སོའི་ གསུང་བཤད་ སློབ་དཔོན་ སེངྒེ་ དབང་ཕྱུག་གིས་ གནང་བོ་ ཨིན།
༦༽སློབ་དཔོན་ སྐུ་ཚེའི་ མཛད་ཕྲིན་ སྐོར་  སློབ་དཔོན་ དངོས་གྲུབ་གྱིས་ གསུང་བཤད་ གནང་བོ་ ཨིན།
༧༽འབུལ་ཚན་ དང་ མཇལ་དར་སོགས་ ཕུལ་བོ་ གནང་བོ་ ཨིན།
༨༽ བློ་འདོད་ བཞིན་ སློབ་དཔོན་ལོ་ ཤིས་བརྗོད་སྐོར་ལོ་ གསུང་བཤད་ ཆོས་ཁྲིམས་པོ་ དང་ སློབ་དཔོན་ རྣམ་གྲོལ་གྱིས་ སྔོན་གྱི་ སློབ་གྲྭའི་ སྐོར་ གསུང་བོ་ གནང་བོ་ ཨིན།
༩༽སློབ་ཕྲུག་ཙུའི་ གླུ་དབྱངས་ཀྱི་ མཆོད་པ་ གླུ་ཁང་ ཁྲ་མོའི་ དང་ བྱང་ འདི་ རྣམ་མཚོ་ དཀར་མོ་ གསུང་ གླུ་ གསུང་བོ་ ཨིན།
༡༠༽བཀའ་དྲིན་ གསུམ་ལྡན་ དགེ་བའི་ བཤེས་གཉེན་ ཆེན་པོའི་ བཀའ་སློབ་ གནང་བོ་ ཨིན།
༡༡༽བཀྲ་ཤིས་ ལེགས་པའི་ གླུ་དབྱངས་ཀྱི་ མཆོད་པོ་ བཀྲ་ཤིས་ བཀྲ་ཤིས་ གསུང་བོ་ ཨིན།   
༡༢༽ཐུགས་རྗེ་ ལེགས་ཕུལ་གྱི་ གསུང་བཤད་ སློབ་དཔོན་ ཟླ་བ་ རྣམ་རྒྱལ་གྱིས་ གསུང་བོ་ ཨིན།
༡༣༽བསྟན་རྒྱས་ སྨོན་ལམ་ གནང་བོ་ ཨིན།
༡༤༽ཞལ་འཛོམས་ སྐུ་པར་ རྐྱབས་པོ་ གནང་བོ་ ཨིན། 
༡༥༽ཞལ་ལགས་ རིམ་པོ་  མགྲོན་ཁང་ གདན་ཞུ་བོ་ གནང་བོ་ ཨིན།
སློབ་དཔོན་ལགས་ལོ་ མཎྜལ་ མཚོན་བྱེད་ ཧིན་སྒོར་ ༣༥༣༣༠ དང་ གསེར་ཟངས་ལས་ གྲུབ་པའི་ ཚེ་སྐུ་ གཅིག་ འབྲས་གྱོད་གང་ མར་ཆུ་ར་ འོ་མ་ གློག་འཕྲུལ་ དང་ དར་བཅས་ འབུལ་མཚན་ བཟང་བོ་ ལེགས་པར་ ཕུལ་བོ་ ཨིན། འདི་ནང་བཞིན་ སློབ་དཔོན་ལགས་ཀྱི་ ཞབས་སྐྱེལ་ ལས་རིམ་ དོན་ཚན་ བཅོ་ལྔ་ནང་ ལེགས་པར་ ཤིས་པར་ གྲུབ་པར་ མཛད་པོ་ ཨིན་ནོ།།


 ཐུབ་བསྟན་དཔལ་བཟང་གིས།།



















དཔེ་དེབ་ བསྐྱར་ཞིབ།
གཞོན་ནུ་ ཤེས་འདོད་ ཅན་གྱི་ དྲང་གཏམ་ ལྟ་སའི་ མེ་ལོང་ བཞུགས་སོ།

རྩོམ་པ་པོཿ དངོས་གྲུབ་ འབྲས་ལྗོངས་པོ།





ཕྱི་ལོ་   ༢༠༡༧ ཟླ་བ་ ༠༤་ ཚེས་ ༡༧
སློབ་སྟོན་པོཿ སློབ་དཔོན་ འཇིག་མེད་ དབང་ཕྱུག
དེབ་བསྐྱར་ ཞིབ་པོཿ ཐུབ་བསྟན་ དཔལ་བཟང་། ཨང་གྱངསཿ 16MBH020
ལྷོ་སྐད་ ལེ་ལག་ སྡེ་ཚན།
དབུས་གཞུང་ འབྲས་ལྗོངས་ གཙུག་ལག་ སློབ་གཉེར་ ཁང་། ཤར་ འབྲས་ལྗོངས།

སྟོན་པའི་ འདས་ལོ། ༢༥༦༡                                                      ཕྱི་ལོ་ ༢༠༡༧


དཔེ་དེབ་ བསྐྱར་ཞིབ།
དེབ་མིངཿ  གཞོན་ནུ་ ཤེས་འདོད་ ཅན་གྱི་ དྲང་གཏམ་ ལྟ་སའི་ མེ་ལོང་ བཞུགས་སོ། རྩོམ་པ་པོཿ དངོས་གྲུབ་ འབྲས་ལྗོངས་པོ། དཔར་འགྲེམས་པ་པོཿ བཀྲ་ཤིས་ རྡོ་རྗེ། ཕྱི་ལོཿ ༢༠༠༨ པར་ཐེང་ དང་པོ། ཤོག་གྱངསཿ ༤༦  དཔེ་དེབཿ དེབ་གཟུགས། རིན་ བྲི་ མིན་ འདུག རྒྱལ་སྤྱིའི་ དེབ་ཀྱི་ ཨང་གྱངསཿ གསལ་མེད་ འདུག

དེབ་རྩོམ་པ་པོའི་ ལོ་རྒྱུས་ མདོར་བསྡུས་ནེ།
དངོས་གྲུབ་ འབྲས་ལྗོངས་པོ་ ཕྱི་ལོ་ ༠༢་ ༠༦་ ༡༩༨༠ ལོར་ གནས་ཆེན་ བྲག་དཀར་ བཀྲ་ཤིས་ སྡིངས་སུ་ ཡབ་ སངས་རྒྱས་ སྲུང་ དང་ ཆུང་ཆུང་ གཉིས་ཀྱི་ སྲས་ བར་པོ་ སྐུ་འཁྲུངས། ཁོང་གི་ གཞི་རིམ་ ཤེས་ཡོན་ དགོན་ཆོས་ སློབ་གྲྭ་ བྲག་དཀར་ བཀྲ་ཤིས་ སྡིངས་ རིག་གཞུང་ དགའ་ཚལ་ སློབ་གྲྭ་ལོར་ ལོ་ངོ་ དྲུག་ཙམ་ ཤེས་ཡོན་ སྦྱང་བོ་ གནང་འདུག འདི་ལས་ མཁན་ཆེན་ ལྷ་ཚེ་རིང་གི་ ཞབས་འོག་ཏུ་ ལོ་ངོ་ ཁ་ཤས་ གཅིག་ སློབ་བརྩོན་ གནང་འདུག  རྗེས་ལོ་ འབྲས་ལྗོངས་ སྔ་འགྱུང་ རྙིང་མའི་ བཤད་གྲྭའི་ ནང་ལོ་ ལོ་རིམ་ དགུ་པར་ སློབ་པ་ མཐར་ཕྱིན་ནས་ བཤད་གྲྭ་ནང་ལོ་ སློབ་དཔོན་ཆེན་པོའི་ གཞུང་ཞབས་ གནང་བཞིན་པོ་ ཨིན། ཁོང་གི་ ད་ལྟ་ ཟངས་ ལྷོ་རིག་ སྐོར་ལས་ ཕྱག་ལས་ གནང་བཞིན་པོ་ གནང་ཡོད་པའི་ མཛད་བྱ་ ནེ། ལྷོ་པོའི་ དེབཿ དང་པོ་ གཞོན་ནུ་ ཤེས་འདོད་ ཅན་གྱི་ དྲང་གཏམ་ ལྟ་སའི་ མེ་ལོང་ བཞུགས་སོ། རི་དྭགས་ཀྱི་ གཏམ་ ངེས་འབྱུང་གི་ ཕོ་ཉ། སྙན་ངག་གི་ འཛུལ་སྒོ་ མེ་ལོང་གི་ གཟུགས་བརྙན་ བཞུགས་སོམཐུན་པ་ སྤུན་བཞི་ ལོ་རྒྱུས་སོགས་  བྲི་རྩོམ་ ཀེས་པོ་ བྲི་བོ་ གནང་བཞིན་ འདུག  གློ་རིག་ སྐོར་ལོ་ ཞུ་ནཿ  སྙིང་གཏམ་ གློག་བརྙེན་ གཅིག་ཡང་ བཟོ་བོ་ གནང་འདུག  འབྲས་ལྗོངས་ ལྷོ་པའི་ གསུངས་གླུ་ ཡང་ ཀེས་པོ་ གཅིག་ བྲི་བོ་ གནང་འདུག  ཕབ་བསྒྱུར་སྐོར་ འབྲས་ལྗོངས་ རྒྱལ་རབས། ས་སྐྱ་ལེགས་བཤད་སོགས་ ཡོད་པོ་ ཨིན། ཁོང་གི་ ཕྱག་ལོ་ གཟིགས་ནང་ ད་རུང་ ཀེས་པོ་ གཅིག་ གནང་བཞིན་པོ་ ཡོད་པོ་ ཨིན་ནོ༎

དེབ་ འདིའི་ བརྗོད་དོན་ གཙོ་བོ་ ནེ།
དེབ་ འདིའི་ དམིགས་ཡུལ་ གཙོ་བོ་ གན་ ཨིན་ན་ སེ་ན་ འབྲས་ལྗོངས་ ལྷོ་པའི་ རིག་གཞུང་ ལུགས་སྲོལ་ སྟེང་ལོ་ དོ་སྣང་ གནང་མཁན་ ཙུའི་ དོན་ལས་ ཚིག་བཅད་ ཧོང་ལས་ རྩོམ་པོ་ ཡོད་པོ་ གཅིག་ འདུག  འདི་ནང་ལོ་ དོན་ཚན་ ཡང་ན་ ལེའུ་ ཚན་ བཞིའི་ ཁོངས་རྟོགས་ལོ་ བཀོད་ གནང་ འདུག
དང་པོཿ སྦས་ཡུལ་ འབྲས་མོ་ ལྗོངས་ཀྱི་ ལོ་རྒྱུས་ དང་ འབྲེལ་བའི་ བསྟོད་པོ།
གཉིས་པོཿ རིན་ཐང་ བྲལ་བའི་ རང་གི་ རིག་གཞུང་།
གསུམ་པོཿ ཡུལ་གྱི་ ཁྱད་ཆོས་ སྙན་པའི་ ཚིག་རྒྱན།
བཞི་པོཿ སྦྱིན་པོ་ བཏང་ དགོས་པོ་ དང་ བཞིའོ༎

དེབ་ འདིའི་ སྔ་ཕྱིའི་ སྒྲིག་རིམ་ནེ།
དང་པོ་ སྦས་ཡུལ་ འབྲས་མོ་ ལྗོངས་ཀྱི་ ལོ་རྒྱུས་ དང་ འབྲེལ་བའི་ བསྟོད་པོའི་ སྐབས་ལོ་ ཚིག་བཅད་ བཞིན་ འབྲས་ལྗོངས་ལོ་ གུ་རུ་ རིན་པོ་ཆེའི་ བྱིན་རླབས་ཚུལ་  ཆ་རབས་ དང་ བསྟན་པོ་ སྔ་བར་ཕྱི་ གསུམ་གྱི་ བསྟན་པོ་ དར་ཚུལ་ འབྲས་ལྗོངས་ཀྱི་ རྒྱལ་བརྒྱུད་ ཆད་ཚུལ་སྐོར་་སོགས་པོ་ རྒྱས་པོ་ བྱ༹ས་སྟི་ བྲི་བོ་ གནང་ འདུག  འདི་ སྙན་རྩོམ་ ཐེངས་གཅིག་ གཟིགས་ཚུགས་ན་ འབྲས་ལྗོངས་ཀྱི་ ལོ་རྒྱུས་ཙུ་ ཤེས་ཚུགས་ པད།
གཉིས་པོ་ རིན་ཐང་  བྲལ་བའི་ རང་གི་ རིག་གཞུང་གི་ སྐབས་ལོ་ མི་རིག་ རང་རང་སོ་སོའི་ རང་གི་ རིག་གཞུང་ འདི་ གལ་ཆེན་པོ་ དང་ མི་ཉམས་པོ་ བྱ༹ས་སྟི་ སྲུང་དགོས་པོའི་ སྐོར་ གསུངས་བོ་ གནང་ འདུག
གསུམ་པོ་ཡུལ་གྱི་ ཁྱད་ཆོས་ སྙན་པའི་ ཚིག་རྒྱན་སེ་ ལབ་པའི་ ཚིག་བཅད་ ནང་ལོ་ སྦས་གནས་ཀྱི་ ཁྱད་པར་ཅན་ དང་ མཛེས་དྲགས་ དང་ མཐར་སྐོར་ ནང་ལོ་ གནས་ཡོད་པའི་ ཡུལ་གྱི་ སྐོར་ལོ་ གསུངས་བོ་ གནང་འདུག
བཞི་པོ་ སྦྱིན་བོ་ བཏང་ དགོས་པོ་ སྐོར་ནང་ལོ་ སྦྱིན་བོ་ བཏང་སྟངས་ཀྱི་ སྐོར་ དང་ སྦྱིན་བོ་ བཏང་བའི་ ཕན་ཡོན་ དང་ བཏང་དགོས་པོའི་ སྐོར་ གསུངས་འདུག

དེབ་ འདི་ནང་ལས་ བསྐྱར་ཞིབ་ བྱ༹ས་བའི་ སྐབས་ལོ་ རྐྱོན་བརྗོད་ ཟུར་ཙམ་ བཀོད་ནེ།
དེབ་ འདི་ནང་ལས་ ལེའུ་ ཚན་ བཞི་ བཀོད་ཡོད་ འདུག་ འདི་ནང་ལས་ ད་ལྟ་ ཚིག་བཅད་ ཀེས་པོ་ ཅིག་ནང་ལས་ ཀ་རྩོམ་ནང་ལོ་ བསྐྱར་ཞིབ་ བྱ༹ས་བོ་ བཞིན་ ཚིག་ ཁ་ཤས་ ཅིག་ མ་རྟོགས་ གཞན་ ཨོ་འདེམ་ ནོར་འཁྲུལ་ གན་ཡང་ དམིགས་གསལ་གྱི་ མེད་པོ་ བཞིན་འདུག  ཡང་ བསྐྱར་ཞིབ་གྱི་ དོན་ཚན་ལོ་ དམིགས་སྟི་ ཚིག་ ཁ་ཤས་ གཅིག་བརྗོད་ ནེ། ཡིག་ཕྲེང་ དང་པོ་ ནང་ལོ་ ཀ་མ་ཡི་་ བྲི་ཡོད་པོ་ འདི་ ལྷོ་ཡིག་ སྐབས་ལོ་ ཡི་ཚབ་ལོ་ ཀི་ དྲི་ཚུལ་ འདུག ཡིག་ཕྲེང་ གསུམ་པོའི་ སྐབས་ལོ་ འདི་ཀྱི་ བྲི་འདུག་ འདི་ཚབ་ལོ་ འདི་ཀི་ བྲི་ན་ ལེགས་བསམ།  ཚིག་བཅད་ གཉིས་པའི་ ཡིག་ཕྲེང་ གསུམ་པའི་ ནང་ལོ་ ཇ་འཆང་ བྲི་ འདུག  ཆང་གི་ དག་ཆ་ ནོར་འདུག ཚིག་བཅད་ བཞི་པའི་ ཡིག་ཕྲེང་ གསུམ་པའི་ སྐབས་ལོ་ ར་རུ་ཡི་ བྲི་འདུག  བ་ མེད་འདུག གཞན་ ཚིག་དོན་ བཟང་པོ་ འདུག དེབ་ འདི་ དེང་དུས་ཀྱི་ ལུགས་མཐུན་ མེད་འདུག  རྗེས་ལོ་ དེབ་ འདི་ པར་བསྐྲུན་ གནང་བའི་ སྐབས་ལོ་ ལུགས་མཐུན་ གནང་ནང་ན་ ལེགས་སོ༎

ང་གིས་ དེབ་ འདི་ནང་ལོ་ ཉམས་མྱོང་ སྐོར་ནེ།

སྤྱིར་ དེབ་ འདི་ དམིགས་གསལ་ འབྲས་ལྗོངས་ཀྱི་ ཆ་རབས་ ལོ་རྒྱུས་ཙུ་ ཤེས་ཚུགས་པོ་ འདུག  འདི་ དང་ འདྲ་བོ་ སྦྱིན་བའི་ བཏང་སྟངས་ སྐོར་སོགས་ ཧ་དགོས་ཚུགས་པོ་ པད།   འདི་ འདེམ་ མ་འོངས་པོ་ན་ ཀེས་པོ་ གཅིག་ ཡོད་དགོས་པོ་ དང་ གཞོན་པོ་ ཤེས་ཡོན་ཅན་ དང་ སློབ་བརྩོན་པོའི་ དོན་ལས་ ཕན་ཏོག་ རྒྱས་ཆེ་དྲགས་ ཡོད་པོ་ དང་ འབྲས་ལྗོངས་པོ་ སྐད་ ནང་ལོ་ ཡོད་ཤད་ བྱ༹ས་སྟི་  དགོས་བ་ཙུ་ འཇམ་བུ་ བྱ༹ས་སྟི་ ཤེས་པོ་ དང་ སླབ་བྱས་ཙུ་ཡང་ ཐོབ་ཚུགས་པོ་ འདུག  གཞོན་པོ་ ཐམས་ཅད་ཀྱི་ ཐེངས་གཅིག་ ག་ཚུགས་ སྒྲོགས་སྟི  གཟིགས་པོ་ གནང་ དགོས་སོ༎ །།