Powered By Blogger

Tuesday 26 November 2013

སྦས་གནས་ འབྲས་མོ་ལྗོངས།

སྦས་གནས་ འབྲས་མོ་ ལྗོངས་འདི་ ན། གུ་རུ་ བྱིན་གྱིས་ བརླབས་པའི་ གནས།
ཚོགས་བསགས་ བསོད་ནམས་ བཟང་པོའི་ སྐྱེས། ཉམས་ཆུང་ བྱང་ཆུབ་ སེམས་ལྡན་པོས།།

གུ་རུ་ རྣལ་འབྱོར་ ཐུགས་རྗེ་ ལས། དམ་ཆོས་ བསྟན་པོ་ དར་པོ་ ཨིན།
གནས་རི་ བྱ༹ག་ལོ་ དགོན་པོ་ ཡོད། བསྟན་པོ་ མི་ཉམས་ སྲུང་བའི་རྟགས།།

གུ་རུ་ གྱེད་འབུམ་ ལུང་བསྟན་ བཞིན། གངས་རི་ གནས་ཀྱི་ ཡུལ་ལྗོངས་ན།
ཐེག་ཉོ་ ཀོང་གི་ ཐུགས་རྗེ་ལས། ལྷོ་རིགས་ རྒྱུད་པའི་ རིགས་རྒྱུས་དར།།

ལྷོ་རིགས་ རྒྱལ་པོ་ ཕུན་ཚོགས་ཀྱིས། ཁོང་གི་ རྒྱུད་པོ་ རྒྱལ་བཅུ་གསུམ།
རྒྱལ་པོ་ དང་པོ་ གཡུག་སམ་ལོ་། དུས་བཟང་ ཉིན་ལོ་ གསེར་ཁྲི་གསོལ།།

ལྷོ་སྐད་ ཡོད་པོ་ རིགས་གཞུང་འདི། ཡི་གེ་ བྲིས་སྲོལ་ མེད་པོ་ འདི།
ནོར་ལྡན་ པདྨ་བཀྲིས་ བྷ་ཆུང་གིས། བྲིས་སྲོལ་ ཡོད་པོ་ ཁོང་གི་དྲིན།།

གོང་འཕེལ་ གཞོན་བོ་ཙུ་ཀི་ འགན། ཉིན་རེ་ ཚིག་རེ་ སྦྱང་བོ་གནང་།
སློབ་གྲྭ་ མཐོ་རིམ་ ནང་ལོ་སྦྱོང་། ཐིག་རེ་ བསགས་ན་ རྒྱ་མཚོ་གང་།།

ཐམས་ཅད་ ཁོང་གི་ བཀའ་དྲིན་བསམ། ནོར་བུ་ ལག་ཀ་ ཡོད་པོ་དུས།
རིན་ཆེན་ དོན་འདི་ མ་ཤེས་ན། རྒྱབ་ལས་ འགྱོད་པོ་ སྐྱེད་འོང་ཉ།།

 ལྷོ་རིགས་ ལྷན་རྒྱས་ ཐམས་ཅད་ཀྱིས། ཐུགས་བསམ་ བཞེས་པོ་ གནང་དགོས་ཉ།

 ཐོ་རང་ ལབ་སྟི་ མ་བཞུགས་ཀེ། ཡར་རྒྱས་ དོན་ལས་ གན་གནང་ཤད།།
Denjongpo Thupten Palzang

No comments:

Post a Comment