༈ འབྲས་ལྗོངས་ཀྱི་ ལྷོ་ཡིག་ དང་ བོད་ཡིག་ ཁྱད་པར་ ནེ༑
འདི་ཡང་
ཐོན་མིས་ཀྱི་ བཀའ་དྲིན་ཆེན་པོ་ འདི་ སྤྱིར་ བོད, འབྲུག་ དང་
འབྲས་ལྗོངས་སོགས་ལོ་ བཀའ་དྲིན་ བསམ་གྱི་ ཁྱབ་པོ་ ཅིག་ ཨིན་བོ་ སྦད། གངས་ལྗོངས་ ཡུལ་ ཐམས་ཅད་ལོ་ ཁྱབ་ཡོད་པོ་ ཅིག་ ཨིན། སྐབས་སུ་ འབབ་པ་ སྦས་ཡུལ་ འབྲས་ལྗོངས་ལོ་
སྔོན་བྱོན་ རྒྱལ་པོའི་ དུས་ལས་ བོད་སྐད་ལོ་ ཤུགས་ཆེ་བོ་ རྐྱེན་གྱི་ ལྷོ་སྐད་
བྲིས་གསོལ་ མེད་པོ་ འདེམ་ ཅིག་ མཐོང་། འདི་ལས་ ལོ་ཀེས་པོའི་ རྒྱབ་ལོ་ འབྲས་ལྗོངས་ན་
ལྷོ་སྐད་ འདི་ ཁ་སྐད་ ཅིག་ཀོ་ ཆ་བཞག་ བྱ༹ས་སྟི་ ཡིག་ཐོག་ལོ་ བྲི་ ཡོད་པོ་ མན་ སྦད། ལྷོ་སྐད་ འདི་ནེ་ འབྲས་ལྗོངས་ཀྱི་ རྒྱལ་རབས་
ཆགས་པོ་ལས་ བཟུང་སྡི་ མི་རིགས་ གཞན་ཙུ་ཀྱང་ སྐད་སྐྱབས་པའི་ ལུགས་སྲོལ་ ཡོད་རུང་
ཡི་གེ་ བྲིས་གསོལ་ མེད། ཨིན་ན་ཡང་ འདེ་ཟང་ དུས་ཚོད་ འགྱུར་བོ་ལས་ མི་ཐམས་ཅད་
རང་སྐད་ བཞག་སྟི་ ག་ལུདབ་ ག་ལུདབ་ དབྱིན་ཇི་སྐད, རྒྱ་གར་ སྐད་
དང་ བལ་སྐད་ལོ་ འབད་བརྩོན་ ཤུགས་ ཆེ་དྲགས་ བྱ༹ས་སྟི་ འོང་བཞིན་ ཡོད་པའི་ སྐབས་ལོ་
རང་སྐད་ལོ་ དོ་སྣང་ དང་ ཤེས་འདོད་ མ་ གནང་མཁན་ ཀེས་པོ་ ཅིག་ ཐོན་བོའི་ རྒྱབ་ལས་
ཤར་ཕྱོགས་ རི་བོའི་ རྩེ་ལས་ ཉིམ་ ཤར་བོ་དང་ འདྲ་བོ་ བྱ༹ས་སྟི་ སྦས་ཡུལ་
འབྲས་ལྗོངས་ ནང་ལོ་ ལྷོ་ཡིག་ བྲི་སྲོལ་ བཟང་པོ་ བཟོ་བོ་ གནང་མཁན་ མཁས་དབང་
སྐུ་ཞབས་ པདྨ་ཤྲི་ ནོར་ལྡན་ ཚེ་རིང་ མཆོག་ དང་ སྐུ་ཞབས་ པདྨ་ རིག་འཛིན་གྱི་
དབུས་བཙུགས་ཀོ་ གནང་ འདུག། ཨོ་ན་ལས་ ཁོང་ ལྷན་རྒྱས་ཙུས་ འབྲས་གཞུང་གི་ མི་རིགས་
ཡར་རྒྱས་ ལེ་ལག་ སྒང་ཏོག་ལོ་ དབུ་འཛིན་ བཞུགས་པའི་ སྐབས་ལོ་ སྐད་རིགས་ལོ་
ཐུགས་བསམ་ རྒྱ་ཆེན་པོ་ ཞེས་པོ་ གནང་བོ་ སྦད།
ང་ཅའི་ ཨ་མའི་ སྐད་རིགས་ གསེར་ལས་ དཀོན་པོ་ འདི་ འབྱ༹ང་བཞིན་ ཡོད་པོ་
གཟིགས་སྟི་ འདི་འདེམ་ ཐོན་བས་ ཅེ་ནེ་ མ་འོངས་པོ་ནང་ ང་ཅའི་ མི་རྒྱུད་ཀྱི་ དོན་ལོ་
དཔེ་ མི་སྲིད་པོའི་ ཐབས་ སྐྱོ་དྲགས་ ཅིག་ སེ་ ཐུགས་བསམ་ མཐའི་ རྒྱ་མཚོ་ལས་ ཟབ་པོ་
བཏིང་རིང་ཀོ་ བཞེས་པོ་ གནང་བོ་ ཨིན།
ལྷོ་སྐད་ འདི་ མ་འོངས་པོ་ན་ རྩ་མེད་ འགྱུ་ཤད་ཀྱི་ ཉེན་ཁ་ སྦོམ་པོ་ ཅིག་ ཐོན་ཤད་
སྦད་ སེ་ ཐུགས་བསམ་ བཞེས་སྟི་ འདི་ལས་ ཁོང་ ལྷན་རྒྱས་ཙུ་ཀིས་ སྐུ་ངལ་ གར་ལོ་ ཡང་
མ་འཛེམས་པོ་ ཐུགས་བསམ་ གངས་ལོ་ ཉིམ་ ཤར་བར་ ལྡེམ་ སྐུ་ངལ་ གནང་བའི་ཤུགས་ འདི་ལོ་
བརྟེན་སྡི་ ད་ལྟོ་ གསེར་ལས་ སྐྱོན་བོ་ འབྲས་ལྗོངས་ཀྱི་ ལྷོ་སྐད་ ཡི་གེ་གཟུགས་
བྲིས་ཙུ་མཁན་ འདི་ ཁོང་གིས་ ཐུགས་རྗེ་ བཀའ་དྲིན་ལོ་ བྱུང་བོ་ ཨིན་བོ་ ཐུགས་བསམ་
བཞེས་པོ་ གནང་གོ་ ཁོང་ཙུས་ཀྱི་ བོད་ཡིག་ལས་ ལྷོ་ཡིག་ལོ་ བཟོས་གནང་ སྐུ་ལས་
རྒྱ་ཆེན་པོ་ གནང་སྡི་ ཁོང་ དང་ ལས་ཟུར་ དབུ་འཛིན་ གཉིས་པོ་ སྐུ་ཞབས་ པདྨ་
རིག་འཛིན་ རྟག་ཅུང་ དར་པོ་ ཁོང་ ལྷན་རྒྱས་ཙུ་ཀིས་ ཐུགས་རྗེ་ བཀའ་དྲིན་ བསམ་ལོ་
འདས་པོ་ འདི་ མ་འོངས་པའི་ དོན་ལོ་ ཐུགས་བསམ་ རྣམ་པར་ དག་པའི་ ཧོང་ལས་ ཉིན་མཚན་
མེད་པོ་ སྐུ་ལས་ བརྒྱ་ཕྲག་ མང་པོ་གཅིག་ གནང་བའི་ གྲུབ་འབྲས་ རིན་པོ་ཆེ་ ལས་
དཀོན་པོ་ ལྷོ་སྐད་ བྲི་སྲོལ་ ཡོད་མཁན་ འདི་ ཨིན།།
༈
ཁོང་གི་ མཛད་པོ་ མདོར་བསྡུས་ ཅིག་ ཞུ་ནེ།
ལྷོ་སྐད་
ཡི་གེ་འདི་ ག་ཏེབ་ བོད་ཡིག་ལས་ ལྷོ་སྐད་ན་ བསྒྱུར་བོ་ ཡང་ན་ ཕབ་པོ་ གནང་བོ་ སེ་
ཞུ་ན། སྤྱིར་ བོད་ཡིག་ དང་ ལྷོ་ཡིག་ མང་ ཆེ་ཤོག་ཅིག་
འདྲ་བོ་ ཨིན་ ན་ཡང་ ལྷོ་ འཛམ་གླིང་ འདི་ན་ལོ་ སྐད་ གཅིག་ལོ་ གཅིག་བརྟེན་ འདི་ བཟོས་བོ་
མང་ ཆེ་ཤོག་ ཅིག་ ཨིན། དཔེར་ན་
ལེགས་སྦྱར་གྱི་ ཡི་གེ་ ལས་ བོད་ཡིག་ཙུ་ བསྒྱུར་བོ་ ཨིན། འདི་ ལས་ བོད་ཡིག་ ལས་ ལྷོ་ཡིག་ ཕབ་བོ་ གནང་བོ་
ཨིན། སྤྱིར་ བོད་ཡིག་ དང་ ལྷོ་ཡིག་
གཉིས་པོ་ ཁྱད་པར་ ཨ་ཙིམ་ ཅིག་ གན་ཡོད་ སེ་ན་ སྤྱིར་བཏང་ བོད་ཡིག་ དང་ ལྷོ་ཡིག་
གཉིས་པོ་ དབྱངས་གསལ་སོགས་ ཡི་གེ་ འདྲ་རུང་ སྐད་གདངས་ ཤུད་ཅིག་ མན་འདྲའོ་ལོ་
བརྟེན་སྡི་ ཚིག་ ཁ་ཤད་ལོ་ སྒྲའི་ བསྒྱུར་བཅོས་ བཏང་དགོས་པོ་ བྱུང་བོ་ དང་ ཨོ་འདི་
མི་ཚད་ ལྷོ་སྐད་ ནང་ ཡོད་པའི་ ཚིག་ ཁ་ཤད་ བོད་ཡིག་ ནང་ལོ་ མེད་པོས་ལས་ ཚིག་གསར་
ཁ་ཤད་ བཟོ་ཤད་ཀྱི་ དོན་ལོ་ ཚ་ལག་ ཡང་ན་ སྒྲ་རྟགས་ སོགས་ སྦྱར་དགོས་པོ་ བྱུང་བོ་
སྦད།
༈ ལྷོ་སྐད་
སུམ་རྟགས་ དང་ བོད་སྐད་ སུམ་རྟགས་ ཁྱད་པར་ནེ།
དང་པོ་
གསལ་བྱེད་ སུམ་ཅུ་ དབྱངས་བཞི་ སྔོན་རྗེས་ཙུ་ འདྲ་བོ་ ཡོད། ཡང་འཇུག་ལོ་ ཁྱད་པར་
ཕྲད་བཞི་ ཡོད་ ཡ་བཏགས་ཀྱི་ ཡི་གེ་བཞི་
ར་བཏགས་ཀྱི་ ཡི་གེ་ བརྒྱད་ལོ་ ཚ་ལག་ སྐྱབས་སྟི་ ཁྱད་པར་ཅན་གྱི་ ཡི་གེ་ བྲིས་ ཚུལ་ ཙུས་
ཨིན། སུམ་རྟགས་ནང་ དམིགས་གསལ་གྱི་
ཕྲད་རང་གཞན་ གཉིས་པོ་ ཚིག་ཕྲད་ ཁ་ཤད་ ཅིག་ བསྒྱུར་དགོས་པོ་ བྱུང་བོ་ མ་རྟོགས་
གཞན་རྣམས་ བོད་ཡིག་གི་ སུམ་རྟགས་ འདྲ་བོ་ ཨིན།
ལྷོ་སྐད་ ཡི་གེ་ནང་ ཁྱད་པར་ ཅན་ ཅིག་ ཚ་ལག་ ཡང་ན་ སྒྲ་རྟགས་སྟི་ བེད་སྤྱོད་
བྱ༹ས་དགོས་པོ་ གལ་ཅན་ ཅིག་ སྦད། འདི་ནེ་
གཞན་སྐད་ དང་ མ་མཐུན་བོ་ ཡོད་པའི་ རྐྱེན་གྱི་ བྱ༹ས་སྟི་ ཨིན། དཔེར་ན་ བོད་སྐད་ལོ་ ལས་ག་ བྱ་སེ་ ལབ་ཏོ་
ཨིན། འདི་ ལྡེམ་ ཚིག་ ཀེས་པོ་ ཅིག་
མེད་ཤད་ བྱ༹ས་སྟི་ ཚ་ལག་ འདི་སོགས་ ལྷོ་སྐད་ཀྱི་ མཁས་མཆོད་ བཟང་པོ་ ཅིག་ བཟོ་
ས་ཡོད། གཞན་ ཡང་འཇུག་བཞི་ བཟོས་དགོས་པའི་
རྒྱུ་མཚན་ ནེ། ལྷོ་སྐད་ན་ ང་ཅའི་ བཟོ་དགོས་པོ་ནེ་ དཔེར་ན་ ཁྱིམ་གྱི་ སྒོམ་མ་ཕྱི༹་
བྱ༹་ སོགས་ བེད་སྤྱོད་ གནང་དོ་ ཨིན། ར་བཏགས་ལོ་ ཡང་ ཚ་ལག་ཅན་ བྲིས་ཚུལ་ ནེ། ཁྲོམ་ན་ ཤིང་ཐོག་ པྲ༹ང་པྲ༹ང་ དཔྱ༹ང་འདུག་
སོགས་ཞེས་སོ།
གཉིས་པོ་
རྗེས་འཇུག་ལོ་ བལྟ་སྟི་ འཇུག་མཁན་ ཕྲད་རྣམ་དབྱེ་དང་ བཅས་པོ་ བརྒྱད་པོ་ ནེ། ཚིག་ཕྲད་ ཁ་ཤད་ མན་འདྲ་བོ་ ཙུ་ནེ། སྤྱིར་ བསླར་བསྡུ་ལོ་ ཕྲད་ཐམས་ཅད་ འདྲ་བོ་ ཨིན།
ལ་དོན་གྱི་ སྐབས་སུ་ ཚིག་ཅིག་ནེ་ ལ་ལོ་ "ལོ" སྦྱར་བོ་ ཨིན། ཨི་ལྡན་ལོ་ ཚིག་ཕྲད་ གཅིག་ མན་འདྲ་བོ་ ཡོད་ལ་
ཨོ་འདི་ནེ་ ཡི་ ཚབ་ལོ་ "ཀི" སྦྱར་བོ་
གནང་འདུག། བྱ༹ས་སྒྲ་ ཕྲད་ ཐམས་ཅད་ ཨི་ལྡན་
དང་ འདྲ་བོ་ ཨིན། རྒྱན་སྡུད་གྱི་ ཕྲད་ ཐམས་ཅད་
འདྲ་བོ་ ཨིན། ཁྱད་པར་གྱི་ ལྷག་བཅས་ལོ་
ཕྲད་ གཉིས་ཡོད་ ལ་ "སྟི་སྡི་" ཨིན།
འདི་གཉིས་ སྦྱར་ཚུལ་ ཡང་ མན་ འདྲ་བོ་ ཡོད། དཔེར་ན་ འབབ་སྟི་ སོགས་ ཁང་སྡི་ སོགས་
ཨིན། འབྱེད་སྡུད་ བཅུ་གཅིག་ ལས་བཞི་
མ་རྟོག་ ལྷོ་སྐད་ ནང་ གཞན་ བེད་སྤྱོད་ བྱ༹ས་དོ་ མེད། ཕྲད་ནེ་ "ཀམ་ གམ་ ནམ་ འམ" བཞི་ ཨིན། འབྱུང་ཁུངས་ལོ་ ཕྲད་གཉིས་ ལས་གཅིག་ མ་རྟོག་ བེད་སྤྱོད་
བྱ༹ས་དོ་ མེད་ འདི་ནེ་ "ལས་" གཅིག་ ཨིན། འབོད་སྒྲ་ འདི་ ཐམས་ཅད་ འདྲ་བོ་ ཨིན།།
གསུམ་པོ་
གཞན་ ཕྲད་ རང་དབང་ཅན་ལོ་ ཚིག་ཕྲད་ ཁ་ཤད་ མ་འདྲ་བོ་ ཙུ་ནེ། འདི་ནེ་ ནི་སྒྲ་ལོ་ "ནེ་སྒྲ" བྲིས་ཚུལ་ ཡོད། གཞན་ ཕྲད་ དང་སྒྲ་ བདག་སྒྲ་ དགག་སྒྲ་ འདྲ་བོ་ ཨིན། དེ་སྒྲ་ལོ་
"འདི་སྒྲ་སེ་" བྲིས་བོ་
གནང་དོ་ ཨིན། སྤྱི་སྒྲ་ལོ་ "གན་སྒྲ་" སེ་ལབ་ཏོ་
ཨིན་ ན་ཡང་ ཁྱད་པར་ཀྱི་ ཕྲད་ མན་འདྲ་བོ་ "ཅན་ དང་ ལྡན་" སོགས་
ཡོད། ཁ་ཤད་ གཅིག་ བོད་ཡིག་ སུམ་རྟགས་ དང་
འདྲ་བོ་ ཨིན་ ན་ཡང་ ལྷོ་སྐད་ ཡི་གེའི་ ཁྱད་ཆོས་ མན་འདྲ་བོ་ དོན་བདག་ གསལ་དྲགས་ ཅིག་
དཔེར་བརྗོད་ དང་ བཅས་ མཁས་དབང་ རྣམས་ཀྱི་ ལྷོ་ཡིག་ སུམ་རྟགས་ དང་ བྲི་རྩོམ་ཀེས་པོ་
ཅིག་ བརྩོམ་པོ་ གནང་ཡོད་པོ་ འདི་ནང་ གཟིགས་པོ་ གནང་ན་ ཞུ། ངའི་ ཡི་གེ་ མང་ འང་གམ་ མནོ་སྟི་ འདི་ནང་
མ་བྲིས། གཞན་ ཡང་ ཁྱད་པར་ཅན་ གན་ཡོད་
སེ་ན་ བོད་སྐད་ཀྱི་ བྲི་ལུགས་ སྦྱར་སྟི་ བྲི་ཏོ་ ཨིན། ལྷོ་ཡིག་ནེ་ སྒྲོགས་འཇོ་
བདེ་དྲགས་ཀྱི་ དོན་ལོ་ དབྱིན་ཇི་ཀི་ བརྡ་མཚན་ རྟགས་ཤད་ཙུ་ མན་འདྲ་བོ་ དགུ་ཙུ་ བེད་སྤྱོད་
བྱ༹ས་སྟི་ དབྱིན་ཇི་ འདེམ་ ཚིག་ཙུ་ བཅད་སྟི་ བྲི་བའི་ ལུགས་སྲོལ་ ཁྱད་པར་ཅན་
བཟོ་ཡོད་པོ་ གནང་འདུག་ གཞན་ ང་ཅའི་ གཞུང་དང་ ཆོས་ནེ་ བོད་ཡིག་ ཆོས་སྐད་ ནང་
ག་སྟེབ་ ཡོད་པོ་ ཨོ་ འདེ་ རང་ ལག་ལེན་ གནང་དོ་ སེ་ཞུ།།
༈འབྲས་ལྗོངས་ལོ་ ལྷོ་སྐད་ བྱུང་ཚུལ་
ནེ།
འདི་ཡང་
ལྷོ་སྐད་ འདི་ སྤྱི་ལོ་ ༡༩༧༧ ལོར་ འབྲས་ལྗོངས་ མངའ་སྡེ་ སྐད་ཡིག་གི་ གྱངས་ཀ་ན་
ཚུད་པོ་ ཨིན། འདི་ བྱ༹ས་ སྐད་རིགས་ འདི་ ཡར་རྒྱས་
གོང་འཕེལ་ སོང་བཞིན་ ཡོད་པོ་ལས་ འདི་ ཁོང་ ལྷན་རྒྱས་ཙུའི་ བཀའ་དྲིན་ལོ་
བརྟེན་བོ་ལས་ སྐད་རིགས་ འདི་ནེ་ ཡིག་ཐོག་ལོ་ སློབ་གྲྭ་ཙུའི་ ནང་ སྤྱི་ལོ་ ༡༩༨༤ ལས་
འཛིན་རིམ་ འོག་མ་ལོ་ སླབ་པོ་ ནང་ཤད་ཀྱི་ འགོ་བཙུགས་ཀོ་ གནང་བོ་ ཨིན། ཨོ་ན་ལས་ གོང་ལས་ གོང་འཕེལ་ བྱ༹ས་བཞིན་
འབྲས་གཞུང་གི་ སློབ་གྲྭ་ ཐམས་ཅད་ ནང་ཁྱབ་པོ་ ཨིན།
འདི་ ལས་ འཛིན་རྒྱལ་ བཅུ་ལོ་ སོན་ཊོར་ བྷོཊ་ སེ་ཀེན་ ཌརིའི་ཨུ་ཊུ་ཀེཌ་(CBSE) ནང་ལོ་ ཡིག་རྒྱུགས་ སྐྱེལ་ཚུགས་པོ་ གོ་སྐབས་ བཟང་པོ་ཅིག་
ཐོབ་ གནང་བོ་ ཨིན། འདི་ཙུ་ ཡང་ སྐུ་ཞབས་
ནོར་ལྡན་ ཆེ་རིང་ མཆོག་ དང་ སྐུ་ཞབས་ པདྨ་ རིག་འཛིན་ ལ་སོགས་ཀྱི་ འབྲས་ལྗོངས་ གཞུང་ལོ་ ཞུ་བ་ ཡང་ཡང་ ཕུལ་ས་ ལས་ ལྷོ་སྐད་ འདི་
འཛིན་རྒྱལ་ བཅུ་གཉིས་ སྤྱི་ལོ་ ༡༩༨༦ ལོ་ ཡིག་རྒྱུགས་ བྲིས་ཐོབ་པོ་ དང་ ནུབ་ བྷང་གལ་
མཐོ་སློབ་ གཙུག་ལག་ ཁང་ནང་ ལྷོ་ཡིག་ ཡིག་རྒྱུགས་ བྲིས་ ཐོབ་པོ་ འདི་ སྤྱི་ལོ་ ༢༠༠༠
ལོ་ལས་ འགོ་བཙུགས་ཀོ་ ཨིན། ཕྱི་ལོ་ ༢༠༠༨ ལས་ འབྲས་ལྗོངས་ གཙུག་ལག་ སློབ་གཉེར་
ཁང་གི་ ངེས་ལེན་ བྱ༹ས་བོ་ ཟུང་ སློབ་ཕྲུག་ཙུ་ཀི་ ལྷོ་སྐད་ སྦྱང་བཞིན་བོ་ ཨིན། ཨ་སྐུ་
ལྷོ་པོ་ ཐམས་ཅད་ཀྱི་ ལྷན་རྒྱས་ ཐམས་ཅད་ཀྱིས་
ཐུགས་རྗེ་ བཀའ་དྲིན་ བསམ་ལས་ འདས་པོ་ འདི་ ང་ཅའི་ ཐུགས་ལོ་ བཞེས་གནང་
དགོས་པོ་ གལ་ཅན་ ཅིག་ ཨིན།།
ད་ལྟ་
འབྲས་ལྗོངས་ ནང་ལོ་ མི་རིགས་ ཀེས་པོ་ ཅིག་
ཡོད་ འདི་ལས་ ལྷོ་སྐད་ སྐྱབས་པོ་ ནང་མཁན་ འདི་ ཉི་མའི་ སྐར་མོ་ འདྲ་བོ་ ཙམ་ ཅིག་
མིན་འདུག་ འདི་ཡང་ ལྷོ་སྐད་ སྐྱབས་པོ་ནང་ མཁན་འདི་ མི་གྱངས་ ཉུང་ཉུང་ཅིག་ ཨོ་འདི་ ཡང་
ལོ་ ལས་ལོ་ ཉུང་བཞིན་ འགྱུ་དོ་ ཨིན་བོ་ མཁན་བཞིན་བོ་ རང་ ཨིན། ཨི་ན་ཡང་ ད་ ང་ཅག་ ལྷོ་རིག་ ཐམས་ཅད་ རབ་རུབ་
གནང་དགོས་པོ་ གལ་ཆེན་ འདུག གམ་བྱ༹ས་ སེ་ན་ རང་སྐད་ དོ་སྣང་ གནང་མཁན་ འདི་
ལེབ་ཏེ་ར་ ཉུང་ཉུང གཅིག་ ཐོན་བཞིན་ འོངས་དོ་ ཨིན།
གཞན་ སྐད་ལོ་ མནོ་བསམ་ བཏང་བོ་ གནང་ནེ་ཏོ་ ལྷོ་ཡིག་ བྲིས་མཁན་ དང་
སྐད་སྐྱབས་པོ་ གནང་མཁན་ འདི་ ཉི་མའི་ སྐར་མོ་ལས་ ཉུང་བཞིན་ འགྱུ་དོ་ སྦད། འདི་ བྱ༹ས་ ལྷོ་རིགས་ ཐམས་ཅད་ རང་རང་ སོ་སོའི་
ཐུགས་རྒྱན་ སྦོམ་པོ་ གཅིག་ འདི་ རང་གི་ སྐད་དང་ རིགས་གཞུང་ཙུ་ མི་ཉམས་ གོངས་འཕེལ་
དང་ ཉམས་པོ་ སོར་ཆུད་ གནང་ དགོས་པོ་ ང་ཅག་ ཐམས་ཅད་ཀྱི་ ཐུགས་རྒྱན་ སྦོམ་པོ་ ཅིག་ ཨིན་བོ་
འདི་ ཐུགས་བསམ་ རྒྱ་ཆེན་པོ་ ཅིག་ ངེས་པར་ བཞེས་དགོས་པོ་ འདུག་ ཨོ་ན་ལས་ ལྷོ་སྐད་
ལས་ གསུངས་རྩོམ་ཙུ་ བྲི་བོ་ གནང་ཤད་ལོ་ འབད་བརྩོན་ རྒྱ་ཆེན་པོ་ གནང་དགོས་པོ་ འདི་
ད་ལྟ་ཏོ་ མཁས་དབང་ མཆོག་ དང་ ན་གཞོན་ སློབ་ཕྲུག་ཙུའི་ ལས་དོན་ སྦོམ་པོ་ ཅིག་ སྦད།
དཔེར་ན་ འདི་ལོ་ དོ་སྣང་ མ་གནང་བ་ ལུདབ་པོ་ཅེ་ན་ ནོར་བུ་ རིན་པོ་ཆེ་ འདི་ རང་གི་
ལག་ཀ་ལོ་ ཡོད་པའི་ སྐབས་ལོ་ ངོ་ མ་ཤེས་ན་ རྒྱབ་ལོ་ མེདབ་པོ་ ཐོན་བོ་ ལས་ རྒོད་པོ་
སྐྱེ་བོ་སྟི་ དོན་མེད་ དང་ འདྲ་བོ་ ཨིན།
འདི་ བྱ༹ས་སྟི་ ཡོད་དུས་ལོ་ དོ་སྣང་ དང་ འབད་བརྩོན་ ཅེས་ཞན་ གནང་དགོས། འདི་ ལས་ ཁོང་ཙུ་ཀིས་ ཐུགས་རྗེ་ བཀའ་དྲིན་
བསམ་ལས་ འདས་པོ་ འདི་ ཐུགས་ལོ་ དགོང་པོ་ བཞེས་པོ་ གལ་ཅན་ ཅིག་ སྦད། འདི་ཡང་ གངས་ཀྱི་ ཆུ་ མཐའི་ རྒྱ་མཚོ་ལོ་ སྡོམས་པོ་
དང་ འདྲའུ་ བྱ༹ས་ བོད་སྐད་ ལས་ ལྷོ་ཡིག་ བྱུང་བོ་ དང་ བསྒྱུར་ཚུལ་ མདོར་བསྡུས་ ཅིག་
བྲི་བོ་ ཨིན་ འདི་ ནང་ལོ་ ནོར་འཁྲུལ་ ཡོད་ན་ མཁས་དབང་ཙུས་ཀྱི་ སྐུ་མདུན་ལོ་
བཟོད་གསོལ་ དང་ བཤགས་ཀོ་ ཕུལ་བཞིན་ ཚིག་གི་ བདུད་རྩིའི་ བཀའ་སློབ་ཙུ་ ཡང་ གནང་བོ་
གནང་ནང་ ཞུ་བཞིན་ མདོར་བསྡུས་ཅིག་ རྫོགས་སོ།། ༎
ཐུབ་བསྟན་དཔལ་བཟང་༎
No comments:
Post a Comment