Powered By Blogger

Tuesday, 26 November 2013

འབྲས་ལྗོངས་པོའི་ ཁ་གཏམཿ

རྐུམ་ རྐྱབས་མཁན་ མིའི་ ཁ་སྦོམ་པོ། འང་ རྐྱབས་མཁན་ མིའི་ སྣ་ སྦོམ་པོ།
རང་ཁྱིམ་ན་ ཨ་ཇོ་ སྟག  མིའི་ ཁྱིམ་ན་ ཨ་ལུས་ ཝམ།
ཨ་པོ་ གཅིག་གི་ བུ་ མིན་འདྲ། ལག་ཀོ་ གཅིག་གི་ མཛུབ་མོ་ མིན་འདྲ།
ནགས་ཙན་ན་ ཝམ་ངུ་། བྱ༹འི་ ཁྱི་ན་ བྱ༹་ འབྱ༹ང་།
སྦལ་པས་ སྟག་ དཀྲོག་ཀོ། བུམ་ བཏིབ་སྟི་ མནའམ་ དཀྲོག་ཀོ།
སྦྱ༹ང་ཀ་ལོ་ བྱིན་ཉེ་ མ་ལབ། མོ་རེངས་མ་ལོ་ འཁྱིགས་ཉེ་ མ་ལབ།
སྤྱི༹འུ་ བྱང་ཁར་ ཁབ་ མི་ཆགས། སྒང་ སྟེང་ཁར་ ཆུ་ མི་ཆགས།
རི་བོང་ གནམ་ རམ་བའི་ སེམས་ནད། ད་རི་འབུ་ ས་ རྫོགས་པའི་ སེམས་ནད།
ལབ་ཤེས་ མིའི་ གཡོག་ཀུ། ཁ་ཤེས་ མིའི་ དཔོན་པོ།
བཟང་པོའི་ གྱོས་ ཕྱི་རུ། ངན་པོའི་ གྱོས་ སྔ་རུ།
ཝམ་ བསྡ་པར་ འགྱུ་བའི་ སྒང་། སྟག་ བསད་པའི་ ལག་ཅ།
མི་གཅིག་ ལེགས་ན་ ཆུང་ལས། རྟ་གཅིག་ ལེགས་ན་ རྟིའུ་ལས།
ཟང་ཟིང་ན་ གཟུགས་ཟོན། ལྟོགས་མུག་ན་ ས་ཉོན་གྱི་ ཟོན།
བླ་མས་ ག་སྟོན་ ཆོས། མཛུབ་མོས་ ག་སྟོན་ ཤ།
ཆོས་སྐྱོངས་ རང་འགོ་ མ་ མཐོན་མཁན། མགོ་ནག་ མིའི་ བར་ཆད་ བསིལ་མཁན།
སྣོད་ སྟོང་པོའི་ སྐད་སྒྲ་ སྦོམ། མི་ ངན་པོའི་ ལྟ་བོ་ སྦོམ།
དགོན་པོའི་ ཁྱི་ལོ་ རྡོ་ རྐྱབས་ན། བླ་མའི་ ཐུགས་ལོ་ ཕོག།
འཆེས་པོས་ ཟུར་མིག་ ལྟ། གུ་སྡིག་ཀས་ སོ་རྐང་ འཇིབ།
བཟོ་ མཁས་པས་ རྐྱབས། སྐྱོན་ ལྐུག་ཀས་ བཏོན།
བུ་ ཞེ་ལོག་ ཏོག་ཡུ་ ལུག་ལུག་ཀར། བུམ་ ཞེ་ལོག་མོ་ ཨོ་ཉེ་ ཨོམ་ བྱི༹ན་བྱི༹ན་བར།
ལབ་ ཤེས་ན་ ཁའི་ ཟོན། འགྱུ་ ཤེས་ན་ རྐང་པོའི་ ཟོན།
སྔ་རུ་ ལྷ་སྒོ་ ཕྱི༹། ཕྱི༹་རུ་ འདྲེ་སྒོ་ བཅད།
ཕམ་ ཞན་བོའི་ བོ་ཙོ། ཞིང་ ཞན་བོའི་ ལོ་ཐོག།
བསམ་བློ་ སྔོནལོ། འགྱོད་བོ་ བཤུལ་ལོ།
ཁྱི་ སྤྱོད་ངན་ མནོ་བསམ་ བཏང་ བཞིན་ངུ་། མི་ སྤྱོད་ངན་ རང་སྐྱོན་ སྦས་བཞིན་ ངུ་།
མེས་ ལྗེན་པོ་ མི་ལབ། རྒྱལ་པོས་ སྤྱ༹ང་ཀ་ མི་ལབ།
ཟ་ཁར་མ་ བཙོག་ཀོ་ མ་བསམ། ཉལ་བའི་ སྒང་ བུ་ལེན་ མ་བསམ།
ཟམ་ ཉུང་ཉུང་ བཅུད། ཟམ་ མང་དྲགས་ ལུད།
ཨ་ལུས་ མེད་པའི་ རྒྱལ་ལོ། བི་རྩི་ཀི་ གཞས།
ཆང་ སྐྱུར་མའི་ ཁག་མང་། མི་ ངན་པའི་ གྱོས་ མང་།
ཞེ་ལོག་ ཞིམ་དད་ ཆེ། མེད་པོ་ཅན་ ཛ་ དད་ ཆེ།
ལེམ་ ལབ་ན་ མི་ མི་དགའ། འབྱི༹ག་ཀོ་ དབྱུག་ན་ ཁྱི་ མི་དགའ།
ཟ་མྱོང་ མེད་པའི་ མི་ལོ་ སྣེའོ་ཚིག་ བྱོ༹ག་ཀོ་ ཚོར།
འགྱུ་མྱོང་ མེད་པའི་ མི་ལོ་ ཐེམ་པང་ ལ་ ཚོར།
ཟུག་ མགོའི་ སྟེང་། སྨན་ ལྟི་སྟི་ སྟེང་།
                                              
ཐུབ་བསྟན་དཔལ་བཟང་། རྒྱལ་ཞིང་ མཐོ་རིམ་ སློབ་གྲྭ།
 ལྷོ་སྐད་ ལེ་ལག།



No comments:

Post a Comment