Powered By Blogger

Sunday, 2 September 2012


            དཀོན་མཆོག་ གསུམ་ལོ་ མཆོད་པོ་ ཕུལ་ དགོས་པོ་ རྒྱུ་ཚན་ མདོར་བསྡུས་ནེ།

དཀོན་མཆོག་ གསུམ་ལོ་ ཕྱག་མཆོད་ཀྱི་ ཕུལ་གཏང་ རྣམ་པོ་ ཀེས་པོ་ གཅིག་ཡོད་པོ་ ཨིན། འདི་ན་ལས་ ང་ཅག་ ནང་པོ་ སངས་རྒྱས་ཀྱི་ རྗེས་འཇུག་པོ་ཙུ་ཀི་ ཉིན་ ཆད་མེད་ ཉེར་སྤྱོད་ བདུན་གྱི་ མཆོད་པོ་ ཕུལ་དོ་  ཨིན། མཆོད་པོ་ འདི་ཡང་ རྣམ་པོ་ གཉིས་ཡོད་ དངོས་སུ་ འབྱོར་བ་ དང༌ ཡིད་ཀྱིས་ སྤྲུལ་བའི་ མཆོད་པོ་ གཉིས་ལས། དང་པོ་ ཉེར་སྤྱོད་ བདུན་གྱི་ མཆོད་པོ་ནེ། མཆོད་ཡོན, ཞབས་བསིལ, མེ་ཏོག, བདུག་སྤོས, མར་མེ, དྲི་ཆབ, དང་ ཞལ་ཟས་ འདི་ཡང་ མཆོད་པོའི་ ཏིང་ བདུན་ཚར་ གཅིག་ འདི་ རིན་པོ་ཆེ་ དངུལ་ཟངས་ རག་ཙུ་ཀི་ རྒྱུ་ལས་ གྲུབ་པའི་ ཏིང་ བདུན་ཚར་ འདི་ཙུ་ན་ བཀྲ་ཤིས་པའི་ རི་མོ་ཙུ་ ཡོད་དགོས་པོ་ དང་ སྣོད་གཙང་དྲགས་ བཟོ་བཀོད་ ལེམ་ ཉོན་མོངས་ དུག་ལྔ་མེད་པོ་ བྱ༹ས་ སེམས་ རྣམས་པར་ དག་པའི་ སྒོ་ལས་ གུར་གུམ་གྱི་ དྲི་ཞིམ་པོའི་  ཆུ་ གཙང་གི་  མཆོད་པོ་ ཕུལ་དགོས་པོ་ གལ་ཆེན་ སྦད།

༡༽ མཆོད་ཡོན་ འདི་ ཆུ་བོ་ ཡན་ལག་ བརྒྱད་ལྡན་ དང་ བཅས་པོ་ གུར་གུམ་གྱི་ དྲི་ཞིམ་ ཆུ་ གཙང་ཤོས་ དཀོན་མཆོག་ལོ་ ཕུལ་པའི་ དོན་ནེ་ འགྲོ་བ་ སེམས་ཅན་ ཐམས་ཅད་ཀྱི་ སྐོམ་པའི་ བསྡུག་བསྔལ་ སེལ་བའི་ དོན་ལོ་ ཕུལ་བོ་ ཨིན།
༽ཞབས་བསིལ་ འདི་ དཀོན་མཆོག་ལོ་ ཕུལ་པའི་ དོན་ནེ་ ག་བུར་ དང་ ལྡན་པའི་ ཞབས་བསིལ་ ཆུ་ གཙང་ ཡར་ དཀོན་མཆོག་གི་ ཞབས་ཀྱི་ པདྨོ་ སིལ་བའི་ དོན་ དང་ མར་ སེམས་ཅན་ ཐམས་ཅད་ཀྱི་ ལས་ཉོན་ སྡིག་སྒྲིབ་ དག་པའི་ དོན་ལོ་ ཕུལ་བོ་ ཨིན།
༽མེ་ཏོག་ འདི་ དཀོན་མཆོག་ལོ་ ཕུལ་བའི་ དོན་ནེ་ ཐང་ དང་ ཆུ་ལས་ སྐྱེས་པའི་ དྲི་ཞིམ་པོའི་ མེ་ཏོག་ནེ་ མཛེས་པའི་ དབུས་ རྒྱན་ འདེམ་ ལྕངས་དྲགས་ བཟོ་བའི་ དོན་ལས་ དང་ སེམས་ཅན་ ཐམས་ཅད་ བདེ་བའི་ ཐར་བའི་ ལམ་ ཐོབ་ཤད་ཀྱི་ དོན་ལོ་ ཕུལ་བོ་ ཨིན།
༽བདུག་སྤོས་ འདི་ དཀོན་མཆོག་ལོ་ ཕུལ་བའི་ དོན་ནེ་ ལྷན་སྐྱེས་ དང་ སྦྱར་བྱུང་གི་ དྲིས་ཞིམ་པའི་ ཤངས་ལོ་ ཕུལ་བའི་ དོན་ དང་ འགྲོ་བ་ རིག་དྲུག་གི་ སེམས་ཅན་ ཐམས་ཅད་ཀྱི་ མི་གཙང་བའི་ སྡིག་སྒྲིབ་ སངས་བའི་ དོན་ལོ་ ཕུལ་བོ་ ཨིན།
༽མར་མེ་ དཀོན་མཆོག་ལོ་ ཕུལ་བའི་ དོན་ནེ་ རྒྱུ་ཚན་ ངོ་མོ་ནེ་ འོད་ནེ་ སྲིད་པའི་ རྩེ་མོ་ མན་ཆད་ལས།  མནར་མེད་པའི་ དམྱལ་བ་ ཡན་ཆད་ཀྱི་ མ་རིག་པའི་ མུན་པ་ ཐམས་ཅད་ གསལ་བོ་ལས་ ཕྱོགས་བཅུའི་ སངས་རྒྱས་ དང་ བྱང་ཆུབ་ སེམས་དཔའ་ ཞིང་ཁམས་ ཐམས་ཅད་ དངོས་སུམ་དུ་ མཐོང་ཞིང་ གསལ་བར་ གྱུར་ཅིག་ ངོ་མཚར་ རྨད་འབྱུང་ སྣང་གསལ་ སྒྲོན་མེ་ འདི་ ཕུལ་བོ་ ཨིན།
༽དྲི་ཆབ་ དཀོན་མཆོག་ལོ་ ཕུལ་བའི་ དོན་ནེ་ སྨན་སྤོས་ ཀེས་པོ་ སྦྱར་བའི་ དྲི་ཞིམ་པོའི་ ཆབ་ ཕུལ་པོ་ འདི་ཡང་ འགྲོ་བ་ རིག་དྲུག་གི་ སེམས་ཅན་ཙུ་ཀི་ དཀའ་ངལ་ སེལ་ཤད་ཀྱི་ དོན་ལོ་ ཕུལ་བོ་ ཨིན།
༽ཞལ་ཟས་ དཀོན་མཆོག་ལོ་ ཕུལ་བའི་ དོན་ནེ་ རོ་བརྒྱ་ ལྡན་པོ་ ཞལ་ཟས་ ལྗགས་ལོ་ ཕུལ་བའི་ རྒྱུ་ཚན་ནེ་ སྐུ་ལུས་ མི་མཉམ་པའི་ བྱ༹ས་སྟི་ འགྲོ་བ་ སེམས་ཅན་ཀྱི་ དོན་ལོ་ འགྲོ་དོན་ དཔག་མེད་ གནང་ཤད་ཀྱི་ དོན་ལོ་ ཕུལ་བོ་ ཨིན།
༽རོལམ་མོ་ དཀོན་མཆོག་ལོ་ ཕུལ་བའི་ རྒྱུ་ཚན་ནེ་ འབུད་བརྡུང་ དཀྲོལ་བའི་ རོལམ་མོ་ སྙན་པའི་ ཐུགས་ལོ་ ཕུལ་བོ་ དང་ ཁམས་གསུམ་ འཁོར་བ་ འདི་ན་ལོ་ སེམས་ཅན་གྱི་ དོན་ལོ་ ཆོས་རྒྱུན་ མི་ཉམས་པའི་ ཆེད་དུ་ དོན་ལོ་ ཕུལ་བོ་ ཨིན། 
གསང་གཞུང་ལསཿ
མཛེས་པའི་ མེ་ཏོག་ དབུ་ལོ་འབུལ། །དྲི་ཞིམ་ བདུག་སྤོས་ ཤངས་ལོ་འབུལ།
།སྣང་གསལ་ མར་མེ་ སྤྱན་ལོ་འབུལ། །མཆོད་དོན་ དྲི་ཆབ་ སྐུ་ལོ་འབུལ།
།རོ་ལྡན་ ཞལ་ཟས་ ལྗགས་ལོ་འབུལ།།
མཆོད་པོ་ འདི་ ང་ཅག་ ཉིན་ཆད་མེད་ དཀོན་མཆོག་ལོ་ ཕུལ་ནེ་ ཕན་ཡོན་ གང་མན་ཚད་ ཐོབ་ཚུགས་པོ་ མི་ཚད་ རང་གཞན་ གཉིས་ཀྱི་དོན་ལས་ བསོད་ནམས་ཀྱི་ ཚོགས་ལེབ་སྟི་ བསགས་ཚུགས་པོ་ དང་ ཕྱི་མ་ ཐར་བའི་ ལམ་ལཱེམ་ ཐོབ་ཚུགས་ཤད་ ཨིན།།

No comments:

Post a Comment