༈ འབྲས་ལྗོངས་ཀྱི་ ལྷོ་སྐད་ ཡར་རྒྱས་ ཡོད་ཀམ?
༈ ལྷོ་ འཛམ་བུ་གླིང་ འདི་ནང་ལོ་ གངས་ལྗོངས་ མཛེས་པའི་ སྦས་ཡུལ་ འབྲས་མོ་ ལྗོངས་ ཞུ་མཁན་ ཡུལ་ཅིག་ ཡོད་པོ་ སྦད། འདི་ ཡང་ ཨོ་རྒྱན་ གུ་རུ་ རིན་པོ་ ཆེ་ཀིས་ བྱིན་གྱི་ བརླབས་པའི་ སྦས་གནས་ ཁྱད་པར་ ཅན་ཅིག་ ཨིན། གུ་རུ་ ལུང་བསྟན་ དང་ གནས་ཡིག་ ནང་ལོ་ འབྲས་ལྗོངས་ཀྱི་ ཆེ་བ་ མོང་པོ་ཅིག་ གསུངས་བོ་ གནང་འདུག་ སྦས་གནས་ འདི་ནང་ལོ་ སྐྱེས་མཁན་ ཐམས་ཅད་ དཔའ་བོ་ དང་ དཔའ་མོ་ཙུ་ ཨིན་ གསུངས་ འདུག།།
ལུང་བསྟན་ བཞིན་ ང་ཅ་ཀི་ སྨན་ལྗོངས་ འདི་ནང་ལོ་ ལྷོ་པོ་ ཞུ་མཁན་ མི་རིགས་ ཆགས་པོ་ སྦད། ལྷོ་པོ་ ཙུ་ཡང་ ལམ་ ལུགས་སྲོལ་ཙུ་ ཡང་ གཞན་ལས་ མ་འདྲ་བོ་ ཀེས་པོ་
ཡོད་པོ་ སྦད། དང་པོ་ ལྷོ་པོའི་ སྐད་ གན་བུ་ ཞུ་ནེ་ འབྲས་ལྗོངས་ན་ ལྷོ་པོ་ཙུ་ སྐྱབས་བཞིན་ ཡོད་པའི་ སྐད་འདི་ལོ་
ལྷོ་སྐད་ ལབ་ཏོ་ ཨིན་ འདི་ ཡང་ སྐད་རིགས་ གཞན་མོས་ ལས མ་འདྲ་བོ་ ཚིག་ ཙུ་ ཀེས་པོ་ ཡོད་ པོ་ ཨིན། ལུགས་སྲོལ་ ཙུ་ཡང་ གཞན་ལས་ མན་འདྲ་བོ་ གོས་ལག་ རྒྱན་ཆད་ དང་ དུས་སྟོན་ ཙུ་ ཀེས་པོ་ རྩིས་སྲུང་ བྱ༹ས་དོ་ ཨིན། ད་ལྟ་ ང་ཅག་ ཐམས་ཅད་ཀྱི་ ཐུགས་བསམ་ གན་ བཞེས་དགོས་པོ་ ཞུ་ནེ་ རང་གི་ ཨམའི་ (Mother
language) སྐད་འདི་ ལེབ་ཏེ་ གལ་ཆེན་ གཅིག་སྦད་ གན་བྱ༹ས་ སེ་ནེ་ སྐད་ དང་ རིག་གཞུང་ ཡོད་ན་ རང་གི་ ལམ་ལུགས་སྲོལ་ ཙུ་ མི་ཉམས་པོ་ བྱ༹ས་སྟི་ སྡོད་ཤད་ ཨིན།།
ལྷོ་སྐད་ འདི་ལོ་ དོན་ཚན་ གཉིས་ཡོད་ལ།
༢༽ གཉིས་པོ་ ལྷོ་སྐད་ལོ་ དོ་སྣང་ ཉུང་ཉུང་བཞིན་ འགྱུ་དོ་ ཨིན།
༡༽ དང་པོ་ ལྷོ་སྐད་ ཡར་རྒྱས་ མཐོན་བཞིན་ཡོད།
དོན་ཚན་ དང་པོ་ནེ་ ད་ལྟ་ ང་ཅའི་ ལྷོ་སྐད་ འདི་ ཕྱོགས་ཅིག་ ལྟ་ནེ་ཏོ་ ཡར་རྒྱས་ཙུ་ མཐོན་བཞིན་ ཡོད་པོ་སྦད། ཡང་ ཕྱོགས་ཅིག་ལོ་ ལྟ་ནེ་ ཉམས་པོའམ་ དོ་སྣང་ མེད་མཁན་ དང་ བདེ་སྤྱོད་ ཉུང་ཉུང་ གནང་མཁན་ ལྡེམ་ཅིག་ མཐོང་པོ་ ཨིན། དང་པོ་ ལྷོ་སྐད་ ཡར་རྒྱས་ཀྱི་ སྐོར་ལས་ ཉུང་ཉུང་ཅིག་ ཞུ་ནེ་ ང་ཅའི་ སྐད་རིགས་ཙུ་ ཡར་རྒྱས་ ཉིམ་ལས་ ཉིམ་ མཐོན་བཞིན་ ཡོད་པོ་ ཨིན། ད་ལྟ་ ལྷོ་སྐད་ འདི་ལོ་ ཐུགས་བསམ་ བཞེས་ནེ་ཏོ་ འབྲས་ལྗོངས་ གཞུང་གི་ མངའ་སྡེ་ཀི་ སྐད་ཡིག་གི་ གྱངས་ཀ་ ཙུ་ན་ ཚུད་ཡོད་པོ་ མི་ཚད་ ད་ལྟ་ འབྲས་ལྗོངས་ཀྱི་ ཕྱོགས་བཞི་ཀི་ རྫོང་ཁག་ཙུའི་ སློབ་གྲྭ་ཙུ་ དང་ མཐོ་རིམ་ སློབ་གྲྭ་ (college) གསུམ་ དང་ རྫོང་ཁག་ ཤེས་ཡོན་ སྦྱང་བརྡར་ ཁང་(DITE) ནང་ལོ་ སླབ་སྦྱོང་ཙུ་ སྦྱང་བཞིན་ ཡོད་པོ་ མི་ཚད་ ཕྱི་ལོ་ ༢༠༡༢ ལས་ ང་ཅག་ དགའ་བའི་ ཉིམ་ ཤར་པོ་
འདི་ དུས་ཅིག་ལས་ འབྲས་ལྗོངས་ཀྱི་ གཙུག་ལག་ སློབ་གཉེར་ ཁང་གི་ (Sikkim university) ལྷོ་རིགས་ དོན་ལོ་ རང་གི་ སྐད་རིག་
མི་ཉམས་པའི་ དོན་ལས་ སློབ་ཚན་ ལྷོ་སྐད་ ལས་ ཨོ་ནོས་ཙུ་ (Hons) སྒྲོགས་ཐོབ་པའི་ གོ་སྐབས་ སྦོམ་པོ་
ཐོབ་ཡོད་པོ་ སྦད། འདི་ལས་ གཞན་ ང་ཅའི་ རིགས་གཞུང་ ཟློས་གར་ འཁྲག་སྟོན་ ཙུ་ཡང་ ཡར་རྒྱས་ མཐོན་
བཞིན་ཡོད་པོ་ ཨིན། ཡང་ ལྷོ་སྐད་ འདི་ གློག་རིགས་ འཕྲུལ་ཆས་(computer) དང་ གདོང་དེབ་(facebook
Denjonke lho kay Group, Page & Blogs) ན་ འབྲས་ལྗོངས་ཀྱི་ ལྷོ་སྐད་ ཚོགས་པོ་ བཟོ་སྟི་ རང་རང་ སོ་སོའི་
སྐད་རིགས་ དོན་ལོ་ བསམ་ཆར་ཙུའི་ དོན་ལས་ བཀའ་སྨོན་ ཙུ་ གནང་དགོས་པོ་ གལ་ཆེན་ པོ་ ཨིན་
འདི་ འདེམ་ ཚོགས་པོ་ ཙུ་ན་ ཐུགས་འགན་ ཞེས་དགོས་ ལེབ་ཏི་ གལ་ཅན་ སྦད། ད་ལྟ་ ང་ཅག་གི་ བདེ་སྤྱོད་ བྱ༹ས་ཚུགས་པོ་ ཡོད་པོ་ ཨིན། འདི་ ལྡེམ་ཙུ་ཀི་ སྐོར་ལས་ ཡར་རྒྱས་ ཉིམ་ལས་ཉིམ་ མཐོན་བཞིན་ ཡོད་པོ་ སྦད། འདི་ལོ་ ཐུགས་བསམ་ བཞེས་ནེ་ དགའ་བའི་ ཉིམ་ ནེ་མུ་ར་ ཤར་བཞིན་ ཡོད་པོ་ སྦད།
༢༽ གཉིས་པོ་ ལྷོ་སྐད་ལོ་ དོ་སྣང་ ཉུང་ཉུང་བཞིན་ གམ་བྱ༹ས་ འགྱུ་དོ།
དོན་ཚན་ གཉིས་པོ་ནེ་ ཕྱོགས་ གཞན་ལོ་ ལྟ་ནེ་ཏོ་ མི་རིགས་ གཞན་ཙུ་ལས་ རྒྱབ་ལས་ ལུས་པོ་ ལྡེམ་ཅིག་ མཐོང་པོ་ ཨིན། འདི་ཙུ་ གན་ བྱ༹ས་སེ་ནེ་ དང་པོ་ མི་རིགས་ ཉུང་བཞིན་ འགྱུ་དོ་ ཨིན། འབྲས་ལྗོངས་ཀྱི་ ལྷོ་པོ་ཙུ་ དེང་དུས་ཀྱི་
གཞོན་པོ་ཙུ་ ད་ལྟ་ དུས་ཚོད་ མཐུན་འདི་ སེམས་ཡང་ ཉིམ་ལས་ ཉིམ་ འགྱུར་དོ་ སྦད། ཡང་ དང་པོ་ གཞོན་པོ་ཙུ་ རང་གི་ སྐད་རིགས་ལོ་ དོ་སྣང་ དང་ སླབ་སྦྱང་ བྱ༹ས་མཁན་ སློབ་གྲྭ་ དང་ མཐོ་རིམ་ སློབ་གྲྭ་ཙུ་ན་ ལོ་ སློབ་ཕྲུག་ཙུ་
ལོ་ལས་ ཉུང་བཞིན་འགྱུ་ དོ་ ཨིན། གམ་བྱ༹ས་ སེ་ནེ་ དེང་ དུས་ཀྱི་ ཤེས་ཡོན་ འདི་ཙུ་ལོ་ གལ་ཅན་ གཅིག་ རྩིས་དོ་ ཨིན། འདི་ བྱ༹ས་ ང་ཅའི་ ལྷོ་པོའི་ བོ་ཙུ་ གྱེར་གྱི་ (Private School) སློབ་གྲྭ་ཙུ་ ནང་ལོ་ སྐད་རིགས་ སླབ་སྦྱང་ བྱ༹ས་པའི་ གོ་སྐབས་ མེད་ཤད་ བྱ༹ས་སྟི་
ལོ་ལས་ ལོ་ སློབ་ཕྲུག་ཙུས་
ཉུང་བཞིན་ འགྱུ་དོ་ཨིན། དེ་ར་ མཐོན་འབག་ འགྱུ་ནེ་ མ་འོང་ པོ་ན་ གན་ མཐོན་ ཤད་འབོ? འདི་ལོ་ ང་ཅག་ ཐམས་ཅད་ཀྱི་ ཐུགས་བསམ་ བཞེས་པོ་ གནང་དགོས་ ཉ། དོན་ཚན་ འདི་ཙུ་ ཐུགས་ལོ་ བཞེས་སྟི་ ང་ཅག་ ལྷོ་སྐད་ ཡར་རྒྱས་ཀྱི་ དོན་ལོ་ ཐུགས་དོན་ བཞེས་པོ་ གནང་དགོས། འདི་ མ་གནང་ནེ་ ང་ཅའི་ ལྷོ་སྐད་ འདི་ མ་འོང་ པོ་ན་ སྐད་རིགས་ མེད་པོ་ མཐོན་འོང་བོའི་ ཉེས་ཁ་ སྦོམ་པོ་ ཅིག་ སྦད་ ཉའ། དོན་ཚན་ འདི་ཙུ་ ང་ཅག་ གཅིག་གཉིས་ གཅིག་གི་ གཡོག་རྒྱན་ མན་ ཉའ། ད་ལྟ་ ལྷོ་རིགས་ ང་ཅག་ ཐམས་ཅད་ཀྱི་ རང་སྐད་ ལོ་ དོ་སྣང་ གནང་དགོས་པོ་ ཐུགས་རྒྱན་ སྦོམ་ཤོག་ ཅིག་སྦད། ད་ལྟ་ ལས་ར་ ང་ཅག་ ཐམས་ཅད་ཀྱི་
མཉམ་རུབ་ མཉམ་མཐུན་ གནང་སྡི་ ཡར་རྒྱས་ གནང་བོ་ གནང་གེ་ ཡར་གོང་ལོ་ བཞུགས་པའི་ མཁས་དབང་
ལྷན་རྒྱས་ཙུ་ དང་ མར་འོག་ལོ་ བཞུགས་པའི་ གཞོན་པོ་ ཕོ་མོ་ ཙུ་ ཐམས་ཅད་ཀྱིས་ ཐུགས་རྒྱན་ སྦོམ་ཤོག་
གཅིག་ སྦད།།
ཐུགས་རྗེ་ཆེ༎
ཐུབ་བསྟན་དཔལ་བཟང་།