Powered By Blogger

Saturday 16 March 2013


   འབྲས་ལྗོངས་ལོ་ སངས་རྒྱས་ གཙོ་འཁོར་ གསུམ་གྱི་ རིང་བསྲེལ་ མཇལ་ཁ།

སྦས་ཡུལ་ འབྲས་མོ་ གཤོངས་ཀྱི གནས་ཆེན་ བྲག་དཀར་ བཀྲ་ཤིས་ སྡིངས་ལོ་ ཕྱི་ལོ་༢༠༡༣་ ཟླ་༠༢་ཚེས་༢༤་ལས་༢༦་ ཟངས་ཏེ་ ཉིན་གསུམ་རིང་ སྟོན་པ་ རྫོགས་པའི་ སངས་རྒྱས་ཀྱི་ རིང་བསྲེལ་ མཇལ་ཁ་ འབྲས་ལྗོངས་ཀྱི་ དགོན་པ་ གསུམ་ན་ལོ་ མཇལ་ཁ་ གནང་བོ་ ཨིན། དང་པོ་ དབེན་ཅེ་ དགོན་པ་ རྣམ་རྩེ་ གསེར་གྲུབ་ ཆོས་གླིང་ དགོན་པ་ དང་ གནས་ཆེན་ བྲག་དཀར་ བཀྲ་ཤིས་ སྡིངས་ལོ་ བུམ་ཆུ་ རིན་པོ་ཆེ་ དང་ སྟོན་པ་ གཙོ་འཁོར་གསུམ་གྱི་ རིང་བསྲེལ་ དད་ལྡན་ མི་མང་ ཐམས་ཅད་ལོ་ གནས་ཆེན་ བྲག་དཀར་ བཀྲ་ཤིས་སྡིངས་ལོ་ མཇལ་ཁ་ གནང་བོ་ ཨིན། འདི་ སྐབས་ལོ་ བུམ་ཆུ་ རིན་པོ་ཆེ་ཡང་ ཆད་ལྷག་ གན་ཡང་ མེད་པོ་ བྱ༹ས་ རྟག་ཚན་ཙུ་ བཟང་པོ་ཡང་ ཐོན་འདུག གངས་རི་ སྤངས་ལྗོངས་ ཐམས་ཅད་ སྨྱུ་གུའི་ སྦུབས་སུ་ ཤར་བོ་ དང་ གངས་རི་ ཐམས་ཅད་དཀར་པོ་ ཁ་བ་བབས་པོ་ དང་ ཆར་ཆུ་ དུས་ལོ་ འབབ་པོ་ དང་ ལོ་ ཆུ་ རྟག་ལོ་ ལེགས་པའི་ དུས་ཚོད་ བཟང་པོ་ ཉིན་མོ་ དང་ མཚན་མོ་ ཐམས་ཅད་ ཉི་ཟླ་ ཤར་བོ་ དང་ དུས་ཚོད་ ཕུན་སུན་ ཚོགས་པོ་བཟང་པོ་ཤར་བོ་ ཨིན་བོ་ མི་ཚད་ འབྲས་ལྗོངས་གནས་ཆེ བྱ༹ག་དཀར་ བཀྲ་སྡིངས་ཀྱི་ མི་ཙུ་ བསོད་ནམས་ བཟང་པོ་ ཨིན་བོ་ ང་གིས་ བསམ་བོ་ ཨིན། འབྲས་ལྗོངས་ ནང་ལོ་ སྔོན་མ་ལས་ མ་ཐོན་བའི་ དུས་ཚོད་ བཟང་པོ་ འདི་ འབྲས་ལྗོངས་ མི་མང་ ཡོངས་ཀྱི་ བསྐལ་བ་ བཟང་པོ་ ཚོགས་བསགས་ དགེ་སྦྱོང་གི་ འབྲས་བུ་ ཨིན་བོ་ མི་མང་ ཐམས་ཅད་ཀྱི་ དགའ་སྐྱིད་ ལྡན་པའི་ ཉིན་མོ་ དུས་རྟག་པར་ བཟང་པོ་ ཤར་བཅུག་ སེ་ཞུ། གན་ལྟར་ཡང་ གནས་ཆེན་ འདི་ནང་ བཞུགས་ཡོད་པའི་ དད་ལྡན་ཙུ་ ཐམས་ཅད་རང་གི་ དད་སྨོད་ བཞིན་བྱ༹ས་ ཡོད་པོ་ ཡ་ཏེ་ མེད་པོ་ རང་གི་ བསམ་ཚུལ་ བཞིན་ ཕྱག་ དང་ མཆོད་པོ་ མཎྡལ་རྒྱ་ ཆེན་པོ་ འབུལ་བོ་ སྦད། འདི་ འདྲ་བོ་ བྱ༹ས་ འབྲས་ལྗོངས་ གནས་ཁྱད་པར་ཅན་ དང་ སྟོན་པ་ གཙོ་འཁོར་ གསུམ་གྱི་ རིང་བསྲེལ་ འདི་ གནས་ཆེན་ལོ་ མི་མང་ ཐམས་ཅད་ཀྱི་ མཇལ་ཁ་ ཐོབ་པོ་ འདི་ བསྐལ་པ་ བཟང་པོ་ སྦད་སེ་ མཁན་ཆེན་ ལྷ་ཚེ་རིང་ གསུངས་བོ་ ཨིན། འདི་འདེམ་ དུས་ཚོད་པོ་ བཟང་པོ་ ཤར་བོ་ འདི་ འབྲས་ལྗོངས་ཀྱི་ དུས་ཆེན་ ཚོགས་པོ་ གཙོ་འཛིན་ཙུ་ཀིས་ ཐུགས་རྗེ་ བཀའ་དྲིན་ སྦད། ང་ཅག་ ཐམས་ཅད་ཀྱི་ དུས་ཆེན་ ཚོགས་པོའི་ ལྷན་རྒྱས་ ཐམས་ཅད་ དང་ དགོན་པོ་ རང་རང་སོ་སོའི་ བླ་གྲྭ་ ཐམས་ཅད་ལོ་ སྙིང་ལས་རང་ ཐུགས་རྗེ་ ཆེ་ཆེ་ ཞུ་དོ་ ཨིན།།

འབྲས་ལྗོངས་ མི་ཙུ་ བསྐལ་པ་བཟང་། །སྟོན་པ་ གཙོ་འཁོར་ གསུམ་གྱི་བསྲེལ།
།མཇལ་བའི་ བསོད་ནམས་ བཟང་པོ་ཨིན། །ཡང་ཡང་ མཇལ་བའི་ སྨོན་ལམ་འདེབས

                                                              ཐུབ་བསྟན་དཔལ་བཟང་།

Friday 1 March 2013

Wel come to Denjongke Lho kay .





              ༈ འབྲས་ལྗོངས་ཀྱི་ ལྷོ་སྐད་ ཡར་རྒྱས་ དང་ ཉམས་གསོ་ སྐོར་ནེ།

༈ དང་པོ་ ལྷོ་ནུབ་ མཚམས་ན་ སྦས་ཡུལ་ འབྲས་མོ་ལྗོངས་ ནུབ་བྱང་ མཚམས་ན་ སྦས་ཡུལ་ མཁན་པ་ ལྗོངས། བྱང་ཤར་ མཚམས་ན་ སྦས་ཡུལ་ ལུང་གསུམ་ལྗོངས་ འདི་ལས་ ཁྱད་པར་ ཀེས་པོ་ སྒོ་ལས་ འཕགས་པའི་ མཁའ་སྤྱོད་ དཔལ་གྱི་ འབྲས་མོ་ལྗོངས་ འདིའི་ ཆེ་བའི་ ཡོན་ཏན་ བླ་མ་ དགོངས་འདུས་ ལུང་བསྟན་ བཀའ་རྒྱ་མ་ལས་ ཀྱེ༔ འདུས་པོ་ཙུ་ གསན་པོ་ གནང་ཅིག གནས་ འདི་ནེ་ བླ་མ་ ཡི་དམ་ ཞི་ཁྲོ་ དཔའ་བོ་ མཁའ་འགྲོའི་ ཕོ་བྲང་ ཨིན་པོ། ལུང་པོ་, གངས་, མཚོ་, བྱ༹ག་ཕུག་ དང་ ཤིང་སྡོང་ཙུ་ལོ་ ལྷའི་ ཕོ་བྲང་ ཀེས་པོ་ ཡོད་པོའི་ ཤིང་། སངས་རྒྱས་ཀྱི་ ཞིང་ཁམས་ དངོས་སུ་ ཡོད་པོའི་ འབྲས་ལྗོངས་མོ་ གཤོངས་ལོ་ བྱོན་པོ་ དང་ འདི་འི་ ནང་ལོ་ སྡོད་མཁན་ཙུ་ནེ་ བསྐལ་པ་ བཟང་པོ་ ཨིན། འབྲས་མོ་གཤོངས་ ལབ་མཁན་ རྣམ་ལྕོག་ན་ ཐོས་པས་ཀྱང་ སྐྱེ་བ་ དཔག་ལོ་ མེད་པོ་ལས་ བསོད་ནམས་ཀྱི་ ཚོགས་དཔག་ཏུ་ མེད་པོ་ བསགས་པོ་ ཨིན།  ཨོ་རྒྱན་ གུ་རུ་ རིན་པོ་ཆེའི་ སྦས་ཡུལ་ འབྲས་ལྗོངས་ཀྱི་ སྔགས་བརྗོད་ ཡོན་ཏན་ཙུ་ རྡོ་རྗེ་ ལུང་གི་ ཟིན་པའི་ ཚིག་ཙུ་ གནས་ཡིག་ཙུ་ ནང་ལོ་ གསུངས་ ཡོད་པོ་ ཨིན། གངས་ཆེན་ མཛོད་ལྔའི་ རྒྱན་གྱིས་ མཛེས་པའི་ སྦས་ཡུལ་ འབྲས་མོ་ ལྗོངས་ གནས་ཆེན་ ཁྱད་པར་ཅན་ འདི་ཡང་ ཨོ་རྒྱན་ གུ་རུ་ རིན་པོ་ཆེ་ཀིས་ དུས་རབས་ བརྒྱད་པོ་ ནང་ལོ་ རྟ་མིག་ ཙམ་ཡང་ མ་ལུས་པོ་ བྱ༹ས་སྟི་  བྱིན་གྱི་ བརླབས་པའི་ སྦས་གནས་ ཁྱད་པར་ཅན་ ཅིག་ ཨིན། གུ་རུ་ ལུང་བསྟན་ དང་ གནས་ཡིག་ ནང་ལོ་ འབྲས་ལྗོངས་ཀྱི་ སྔགས་བརྗོད་  ཀེས་པོ་ ཅིག་  གསུངས་བོ་ གནང་ འདུག། སྦས་གནས་ འདིའི་ ནང་ལོ་ སྐྱེས་མཁན་ ཐམས་ཅད་ དཔའ་བོ་ དང་ དཔའ་མོའི་ ཁྱད་མཆོད་ དང་ ལྡན་བོ་ ཡོད་པོ་ ཨིན་ གསུངས་ འདུག། ལུང་བསྟན་ བཞིན་ ང་ཅའི་ འབྲས་ལྗོངས་ཀྱི་ ཆོས་རྒྱལ་ དང་པོ་ ཕུན་ཚོགས་ རྣམ་རྒྱལ་ལས་ ཆད་པའི་ ཨ་ཀུ་ ལྷོ་པོ་ ཞུ་མཁན་ མི་རིགས་ ཆགས་པོ་ སྦད། ལྷོ་པོ་ཙུ་ཡང་ སྐད་ ལུགས་སྲོལ་ཙུ་ཡང་ གཞན་ལས་ མ་འདྲ་བོ་ ཀེས་པོ་ ཡོད་པོ་ སྦད། དང་པོ་ ལྷོ་པོའི་ སྐད་ གན་འབོ་ ཞུ་ན་ འབྲས་ལྗོངས་ན་  ལྷོ་པོའི་ རིགས་ཙུ་ཀིས་ སྐད་ སྐྱབས་བཞིན་ ཡོད་པའི་ སྐད་ འདི་ལོ་ ལྷོ་སྐད་ སེ་ལབ་ཏོ་ ཨིན་ འདི་ ཡང་ སྐད་རིགས་ གཞན་ལས མ་འདྲ་བོའི་ ཚིག་ཙུ་ དང་ སྐད་འཇག་ སྙན་དྲགས་ ཀེས་པོ་ ཡོད་པོ་ ཨིན། ལུགས་སྲོལ་ ཙུ་ཡང་ གཞན་ལས་ མན་འདྲ་བོ་ གོས་ལག་ རྒྱན་ཆས་ དང་ དུས་སྟོན་ཙུ་ ཀེས་པོ་ རྩིས་སྲུང་ བྱ༹ས་ཤད་ ཡོད་པོ་ ཨིན། ད་ལྟ་ ང་ཅག་ ཐམས་ཅད་ཀྱི་ ཐུགས་བསམ་ གན་ བཞེས་དགོས་པོ་ ཞུ་ནེ་ རང་གི་ ཨ་མའི་ (Mother language) སྐད་ འདི་ ལེབ་སྟི་ གལ་ཆེན་ གཅིག་ སྦད་ གན་བྱ༹ས་ སེ་ནེ་ སྐད་ འདི་  རིག་གཞུང་ ཐམས་ཅད་ཀྱི་  གཙོ་བོ་ ཨིན། རང་སྐད་ ཤེས་ན་ རང་གི་ སྐད་ ལུགས་སྲོལ་ཙུ་ ཡང་ རང་བཞིན་གྱི་ མི་ཉམས་པོ་ བྱ༹ས་སྟི་ ཧ་དགོས་ ཚུགས་ཤད་  ཨིན། གཏམ་དཔེ་ལསཿ ཕ་སྐད་ མེད་པོའི་ མི་རིགས་འདི། རྣམ་ཤེས་ མེད་པོའི་ མི་རིགས་ དང་ འདྲ་བོ་ ཨིན། སྐད་ འདི་ ཤིང་ སྡོང་ཕུང་གི་ ར་རྩ་ འདྲ་བོ་ ཅིག་ ཨིན། ཡི་གེ་ དང་ རིག་གཞུང་ གཉིས་པོ་ ཤིང་སྡོང་ཕུང་ འདི་ཀི་ ཞ་ག་ འདྲ་བོ་ སྦད་ སེ་ལབ་ཏོ་ ཨིན།  ད་ སྐད་རིགས་ ཡར་རྒྱས་ དང་ ཉམས་གསོ་ བྱ༹ས་བའི་ དོན་ལས་ དོན་ཚན་ གཉིས་ བཀོད་ཡོད་།

         ༡༽དང་པོ་ ལྷོ་སྐད་ ཡར་རྒྱས་ མཐོན་བཞིན་ཡོད།

        ༢༽གཉིས་པོ་ ལྷོ་སྐད་ ཉམས་གསོ་ ག་ལྟེ་ བྱ༹ས་ དགོས་པོ།

དང་པོ་ ད་ལྟ་ ང་ཅའི་ ལྷོ་སྐད་ འདི་ ས་ཕྱོགས་ གཅིག་ལོ་ བལྟ་ན་ཏོ་ ཡར་རྒྱས་ཙུ་ འཐོན་བཞིན་ ཡོད་པོ་ སྦད། ཡང་ ཕྱོགས་ཅིག་ལོ་ བལྟ་ན་ དོ་སྣང་ མེད་མཁན་ དང་ བདེ་སྤྱོད་ ཉུང་ཉུང་ གནང་མཁན་ འདེམ་ཅིག་ མཐོང་པོ་ ཨིན། དང་པོ་ ལྷོ་སྐད་ ཡར་རྒྱས་ཀྱི་ སྐོར་ལས་ ཉུང་ཉུང་ཅིག་ ཞུ་ན་ ང་ཅའི་  ལྷོ་སྐད་ འདི་ ཡར་རྒྱས་ ཉིན་ལས་ ཉིན་ འཐོན་བཞིན་ ཡོད་པོ་ ཨིན། ད་ལྟ་ ལྷོ་སྐད་ འདི་ལོ་ ཐུགས་བསམ་ བཞེས་ན་ཏོ་  འབྲས་ལྗོངས་ གཞུང་གི་ མངའ་སྡེ་ཀི་ སྐད་ཡིག་གི་ གྱངས་ཀ་ཙུ་ ནང་ལོ་ ཚུད་ཡོད་པོ་ མི་ཚད་ ད་ལྟ་ འབྲས་ལྗོངས་ཀྱི་ ཕྱོགས་བཞི་ཀི་ རྫོང་ཁག་ཙུའི་ སློབ་གྲྭ་ ཆེ་འབྲིང་ ཆུང་གསུམ་ཙུ་ དང་ མཐོ་རིམ་ སློབ་གྲྭ་ (College) གསུམ་ དང་ རྫོང་ཁག་ ཤེས་ཡོན་ སྦྱང་བརྡར་ ཁང་ (DITE) ནང་ལོ་ ལྷོ་སྐད་ སླབ་སྦྱོང་ཙུ་ སྦྱང་བཞིན་ ཡོད་པོ་  མི་ཚད་ ཕྱི་ལོ་ ༢༠༡༢་ ལས་ ང་ཅག་ དགའ་བའི་ དུས་ བཟང་པོ་  འདི་  འབྲས་ལྗོངས་ཀྱི་ གཙུག་ལག་ སློབ་གཉེར་ ཁང་གི་ (Sikkim university) ལྷོ་མོན་ གཙོང་གསུམ་པོའི་ (Bhutia, Lepcha & Limboo) དོན་ལས་ རང་གི་ སྐད་རིག་ མི་ཉམས་ གོང་འཕེལ་ དང་ ཉམས་པོ་ གསོ་ཤད་ཀྱི་ དོན་ལས་ སློབ་ཚན་ ལྷོ་སྐད་ལས་ ཧོ་ནོས་ (Honours) ཙུ་ སྒྲོགས་ ཐོབ་པའི་ གོ་སྐབས་ བཟང་པོ་ འདི་ ང་ཅའི་ བོ་ཙོ་ཙུ་ཀི་ རང་གི་ ལམ་ལུགས་ཙུ་ སྦྱང་ཤད་ཀྱི་ གོ་སྐབས་  སྦོམ་པོ་ ཐོབ་ ཡོད་པོ་ སྦད།  འདི་ལས་ གཞན་མོའི་ ང་ཅའི་ རིགས་གཞུང་, ཟློས་གར་, འཁྲག་སྟོན་ཙུ་ དང་ བདེ་རིགས་ཙུ་ འགོ་བརྗོད་ མན་འདྲ་བོ་ ཀེས་བོ་ཙུ་ མཁས་དབང་ རྣམས་པོ་ཙུ་ཀིས་ དེབ་བྲི་བཞིན་ ཡོད་པོ་ དང་ མཁས་དབང་ ནོར་ལྡན་ ཚེ་རིང་ དང་ སྐུ་ཞབས་ པདྨ་རིག་འཛིན་ ཁོང་ ལྷན་རྒྱས་ཙུའི་ ཐུགས་རྗེ་ བཀའ་དྲིན་ ཨིན་བོ་ མཁྱེན་གསལ་རང་ སྦད།  ཡང་ ལྷོ་སྐད་ འདི་ གློག་རིགས་ འཕྲུལ་ཆས་ (Computer, Laptop), འགྱུ་མཐུན་ (Mobile), གསང་ཐག་ Internet  ཙུ་ན་ ང་ཅག་གི་ སྐད་ཡིག་ གཞན་ དང་ འདྲོ་བོ་ བྱ༹ས་སྟི་ བདེ་སྤྱོད་ བྱ༹ས་ཚུགས་པོའི་ གོ་སྐབས་ བཟང་པོ་ཙུ་ ཐོབ་ཡོད་པོ་ སྦད། ང་ཅག་ རང་གི་ གློག་རིགས་ འཕྲུལ་ཆས་ ནང་ལོ་ ང་ཅའི་ འབྲས་ལྗོངས་ ཏྲིབ་ཏྲེབ་,(Denjong Tib_Type_v1.01) (software),  ལབ་མཁན་ ཡིག་གཟུགས་ཙུ་ (Unicode) ཡོད་པོའི་ ཡིག་གཟུགས་ འདི་ ཊག་ཏོར་ ནེ་ཀོ་ལོས་ཀྱི་  བཟོ་སྟི་ གནང་མཁན་ འདི་ ང་ཅག་གི་ གསང་ཐག་ ནང་ལོ་ ཡིག་གཟུགས་ཙུ་ འཇམ་དྲགས་ བྱ༹ས་སྟི་ བྲི་དོ་ ཨིན། འབྲས་ལྗོངས་ཀྱི་ བྷོ་ཊི་ཡ་ སྐད་རབས་ ཡར་རྒྱས་ ཚོགས་པའི་ རྒྱུད་སྟི་ ཡར་རྒྱས་ཙུ་ གནང་གཞིན་པོ་ ཨིན་པོ་ མཁྱེན་གསལ་རང་ སྦད། འདི་ འདེམ་མོའི་ འཕྲུལ་ཆས་ཙུ་ཀི་ སྐོར་ལོ་ ཡར་རྒྱས་ ཉིན་ལས་ ཉིན་ འཐོན་བཞིན་ ཡོད་པོ་ ཐམས་ཅད་ཀྱི་ མཁྱེན་བཞིན་ ཡོད་པོ་ ཨིན།  འདེམ་ཙུའི་ སྐོར་ལོ་ ཐུགས་བསམ་ བཞེས་ན་ཏོ་ ནེ་མུ་རང་ དགའ་བའི་ གླུ་ དང་ སྐྱིད་པོ་ ཞབས་བྲོ་ ལབ་པོ་ འདྲོ་བོ་ བྱ༹ས་ དགའ་སྟོན་ འདེམ་ཅིག་  ནེ་མུ་རང་ ཐོན་བཞིན་ ཡོད་པོ་ འདི་ལོ་ མ་ཉམས་ གོང་འཕེལ་  ཚེས་ བཅོ་ལྔའི་ ཟླ་བོ་ ནང་བཞིན་ གོང་ལས་ གོང་འཕེལ་ འཐོན་བཞིན་ ཡོད་པོ་ སྦད།།

    ༢༽ གཉིས་པོ་ ལྷོ་སྐད་ ཉམས་གསོ་ ག་ལྟེ་ བྱ༹ས་ དགོས་པོ་ནེ།

དོན་ཚན་ གཉིས་པོ་ནེ་ ཕྱོགས་ གཞན་ལོ་ བལྟ་ན་ཏོ་ མི་རིགས་ གཞན་ཙུ་ལས་ རྒྱབ་ལས་ ལུས་པོ་ འདེམ་ཅིག་ མཐོང་པོ་ ཨིན། འདི་ཙུ་ གན་ བྱ༹ས་སེ་ནེ་ དང་པོ་ མི་རིགས་ གྱངས་ཁ་ན་ ཉུང་བཞིན་ འགྱུ་དོ་ ཨིན།  འབྲས་ལྗོངས་ཀྱི་ ལྷོ་པོའི་ མི་རིགས་ཙུ་ དེང་སང་ཀྱི་ དུས་ཚོད་ མཐུན་སྡི་ འགྱུར་བ་ཙུ་ ཉིན་ལས་ ཉིན་ འཐོན་བཞིན་ ཡོད་པོ་ སྦད།  གཞོན་པོ་ཙུ་ རང་གི་ སྐད་རིགས་ལོ་ དོ་སྣང་ དང་  སློབ་སྦྱང་ བྱ༹ས་མཁན་ སློབ་གྲྭ་ དང་ མཐོ་རིམ་ སློབ་གྲྭ་ཙུ་ལོ་ སློབ་ཕྲུག་ཙུ་ ལོ་ ལས་ ལོ་ ཉུང་བཞིན་ འགྱུ་དོ་ ཨིན། གམ་བྱ༹ས་ སེ་ནེ་ དེང་སང་གི་ ཤེས་ཡོན་ དང་ དཔལ་འབྱོར་ ཁེས་སང་གི་ བྱ༹ས་སྟི་ གཞན་གྱི་ སྐད་ དང་ ཡི་གེ་ རིག་གཞུང་ཙུ་ ཤེས་པོ་ འདི་ གན་མན་ཚད་ཀྱི་ བློ་གྲོས་ ལྡན་པའི་ གཡོག་ སྦོམ་པོ་ ཅིག་ སྦད། ཨིན་ན་ཡང་ རང་གི་ སྐད་ དང་ ཡི་གེ་ རིག་གཞུང་ཙུ་ ཐམས་ཅད་རྩ་ཁ་ལས་ སྤངས་སྟི་ གཞན་གྱི་ སྐད་ དང་ ཡི་གེ་ རིག་གཞུང་ཙུའི་ ནང་ལོ་ གཏིང་ རིང་ཀུ་ བྱ༹ས་སྟི་ ནུབ་ འགྱུ་ཤད་ འདི་ མཐའ་ཕུག་ན་ རང་གི་ སྐད་རིགས་ འདི་ རྩ་མེད་ བཟོ་བའི་ མིག་ལྟོས་ ངན་པོ་ ཅིག་ ཨིན་བོ་ མི་ཚད་ རང་གི་ སྐད་རིགས་ལོ་ ཤ་ཚ་ དང་ གཅེས་ཞེན་ མེད་པའི་ རྟགས་ཚན་ཙུ་ཡང་ ཨིན། ང་ཅག་ མ་འོངས་པོ་ལོ་ དོན་མེད་ སྦད་ མནོ་སྟི་ རང་སྐད་ སླབ་ཤད་ སྤང་ཏོ་ སྦད། ཨོ་ན་ལས་ དོན་ཚན་ འདི་ཙུ་ བྱ༹ས་སྟི་ ང་ཅའི་ ལྷོ་པོའི་ བོ་ཙོ་ཙུ་ སྒེར་གྱི་ སློབ་གྲྭ་ (Private School) ནང་ལོ་ སྐད་རིགས་ སླབ་སྦྱང་ བྱ༹ས་ཤད་ཀྱིས་ གོ་སྐབས་ མེད་ཤད་ བྱ༹ས་སྟི་  ལོ་ ལས་ ལོ་ སློབ་ཕྲུག་ཙུ་ ཉུང་བཞིན་ འགྱུ་དོ་ ཨིན། འདི་ཀི་ སྲུང་ཐབས་ནེ་ རང་རང་ སཽའི་ ཨ་པོ་ ཨ་མོ་ཙུ་ཀིས་ ཐུགས་འགན་ སྦོམ་ཤོས་ ཅིག་ཨིན་ དང་པོ་ རང་གི་ བོ་ཙོ་ཙུ་ སྐད་རིགས་ སྒྲོགས་ཐོབ་པའི་ གོ་སྐབས་ཙུ་ སློབ་གྲྭ་ ནང་ འདུག་ཀམ་ མེད་འདུག་ཀམ་ལོ་ བརྟག་དཔྱད་ཙུ་ བྱ༹ས་དགོས་པོ་ ལེབ་སྟི་ གལ་ཆེན་ ཡང་ན་ ཐུགས་འགན་ སྦོམ་ཤོག་ ཅིག་ཨིན། དོན་ཚན་ འདི་འདེམ་ལོ་ དོ་སྣང་ གནང་དགོས་པོ་ ལེབ་སྟི་ གལ་ཆེ་དྲགས་ ཨིན། འདེས་རང་ འཐོན་འབག་ འགྱུ་ནེ་ མ་འོངས་པོ་ན་ གན་ མཐོན་ ཤད་འབོ? འདི་ལོ་ ང་ཅག་ ཐམས་ཅད་ཀྱི་ ཐུགས་བསམ་ བཞེས་པོ་ གནང་དགོས་པོ་ གལ་ཆེན་ ཨིན། དོན་ཚན་ འདི་ཙུ་ ཐུགས་ལོ་ བཞེས་སྟི་ ང་ཅག་ ལྷོ་སྐད་ ཡར་རྒྱས་ཀྱི་ དོན་ལོ་ གན་གན་ བྱ༹ས་དགོས་ཤད་ ཞུ་ནེ།   མཁན་པོ་ ཚུལ་ཁྲིམས་ བློ་གྲོས་ཀྱིསཿ མི་རིགས་ཙུ་ཀི་ རྣམ་འགྱུར་ འདི་ནེ་ ལེབ་སྟི་ གལ་ཆེན་ ཨིན། པྱ༹་མེད་མ་ མི་རིགས་ཙུ་ཀིས་ རང་གི་ རིག་གནས་ལོ་ སྐྱོན་ལོ་ བལྟ་བ་ གྱུར་པོ་ཅེ་ནེ། གཞན་ གན་མོའི་ཡང་ སྐྱོབས་ མི་ཚུགས་པོ་ དང་ རང་བཞིན་གྱི་ ཉམས་པོར་ འགྱུར་ཤད་ ཨིན། སྐད་རིགས་ འདི་ཀི་ ཁོངས་ལོ་ གཏོགས་པོའི་ མི་ ཐམས་ཅད་ཀྱིས་ ཐུགས་བསམ་ གཅིག་ལོ་  མཐུན་བོའི་ སྒོ་ལས་ རང་གི་ སྐད་ཡིག་ མི་ཉམས་པོ་ དང་ དར་སྤེལ་ བྱ༹ས་ཤད་ཀྱི་ དོན་ལོ་ སེམས་ཤུགས་ དང་ བརྩོན་འགྲུས་ སྦོམ་པོ་ སྐྱེས་དགོས་པོ་ འདི་ གལ་ཆེན་ ཨིན། མི་རིགས་ རང་གི་ སེམས་ཤུགས་ ཆགས་པོ་ དང་ རང་གི་ ཡི་གེ་, རིག་གནས་ལོ་ སྐྱོན་ལོ་ བལྟ་སྟི་ སྣང་མེད་ ཡང་ན་ གཅིག་ཅིག་ལོ་ ཁ་བཏང་ཤད་ བྱ༹ས་བར་ ཅེ་ན་ རང་གི་ སྐད་འདི་ ཉམས་ཤད་ ཨིན་བོ་ དང་ གཞན་ གན་མོའི་ཡང་ སྐད་རིགས་ འདི་ལོ་ སྐྱོབས་ ཐབས་མེད་པོ་ ཨིན། སྐད་རིགས་ ཡར་རྒྱས་ཀྱི་ དོན་ལས་ རང་སྐད་ཀྱི་ དག་ཡིག་, ཚིག་མཛོད་ བསྒྲིག་ཀོ་ དང་ བརྡ་སྤྲོད་ཀྱི་ གཞུང་ རྩ་འགྲེལ་ རྩོམ་བསྒྲིག་ བྱ༹ས་དགོས་པོ་ དང་ སློབ་གྲྭ་ རིམ་པོ་ ཁག་གི་ སློབ་ཚན་ཙུ་ཀི་ ཡིག་ཆ་ སྐོར་ སྔོན་མ་ལས་ མེད་མཁན་ འདི་ཙུ་ པར་བསྐྲུན་ བྱ༹ས་དགོས་པོ་ཙུ་ ཕུན་སུམ་ ཚོགས་དྲགས་  བཟོ་བོ་ གནང་ དགོས་པོ་ དང་ གཞོན་མེ་ཡང་ ཚོང་ལས་ དང་ ཁྲིམས་ལུགས་ཙུ་ན་ལོ་ རང་གི་ སྐད་ དང་ ཡི་གེ་ ཁྱབ་པོ་ བྱ༹ས་དགོས། འཇུག་ན་ འཕྲིན་ཡིག་གི་ (Letter), ཡིག་ཤུགས་ལོ་ (Envelope), སྤྱི་གཉེར་ཁང་, ལས་ཁུངས་ཀྱི་ (Office) སྒོ་བྱང་, གཞུང་ལམ་གྱི་(High way) ལམ་ཡིག་ ཡོད་ཚད་ རང་གི་ སྐད་ཡིག་གིས་ བྲི་ དགོས། འགྲེམ་བརྡ་ (Notice), མགྲོན་ཡིག་ (Invitation card), ཚོགས་འདུའི་ ཟིན་ཐོ་, རང་གི་ སྣུམ་འཁོར་, ཁྱིམ་གྱི་སྒོ་བྱང་, འགྱུ་མཐུན་, (Mobile)  གསང་ཐག་ (Internet) དང་ ལོ་ལྟར་ སྐད་རབས་ ཡར་རྒྱས་ ཚོགས་པོའི་ སྐད་རིགས་ཀྱི་ ཡར་རྒྱས་ཀྱི་ སྐོར་ལས་ རྫོང་ཁག་ཙུ་ན་ལོ་ ཚོགས་འདུ་ ཚོགས་བཞིན་ ཡོད་པོ་ སྦད། རང་རང་ སཽའི་ གྱོང་ན་ལོ་ཡང་ ཕ་སྐད་ མི་ ཤེས་མཁན་ གཞོན་བོ་ སློབ་ཕྲུག་ཙུ་ལོ་ རང་སྐད་ སློབ་སྦྱོང་ དོན་ལོ་ འཛིན་གྱལ་ བཙུགས་ཤད་ བྲི་ཤད་ སྒྲོགས་ཤད་ ལབ་ཤད་ཀྱི་ གཡོག་ཙུ་ བྱ༹ས་ཤད་ དང་ ཕ་སྐད་ཀྱི་ གསར་ཤོག་ (News paper), རླུང་འཕྲིན་ (Radio), དུས་དེབ (Bulletin), དེབ་ (Book), འགོ་བརྗོད་ སྣ་ཚོགས་ཙུ་ བྲི་ཤད་ དང་ སྐད་རིགས་ ཡར་རྒྱས་ཀྱི་ དོན་ལོ་ རང་རང་ སཽའི་ གྱོང་ན་ ཚོགས་པོ་ཙུ་ བཙུགས་ཀོ་ གནང་དགོས་པོ་ གལ་ཆེན་ ཨིན། དེང་སང་གི་ གསར་ཐོན་བོའི་ ཆ་ཀ་ འདི་ཙུ་ལོ་ མིང་ཚིག་ དང་ མཐུན་པོ་ མིང་ཙུ་ བཏགས་སྟི་ ཚིག་མཛོད་ ཙུ་ན་ལོ་ བཅུག་དགོས་པོ་ གལ་ཆེན་ ཨིན། སྐད་ཡིག་ འདི་ཙུ་ གློག་རྡུལ་ ལག་རྩལ་ ནང་ལོ་ གློག་རྡུལ་ རྩིས་འཕྲུལ དང་ བརྡ་འཕྲིན་གྱི་ མྱུར་འགྱུས་ ལམ་ཐོག་ལོ་ བཞག་ཀོ་ བྱ༹ས་དགོས་པོ་ གལ་ཆེན་ ཨིན། འདི་ འདྲ་བོ་ བྱ༹ས་ དེང་སང་ སྤྱི་ཚོགས་ལོ་ ཕན་བོའི་ (Social Network) གདོང་དེབ་ (facebook & Google+)  ནང་ལོ་ འབྲས་ལྗོངས་ཀྱི་ ལྷོ་སྐད་ ལབ་མཁན་  (Denjonke/lho kay Group, Page & Blog) ནང་ལོ་ འབྲས་ལྗོངས་ཀྱི་ ལྷོ་སྐད་ ཚོགས་པོ་ བཟོ་སྟི་ རང་རང་ སཽའི་ སྐད་རིགས་ ཡར་རྒྱས་ བཏང་བའི་ དོན་ལས་ བསམ་ཆར་ཙུའི་ གཅིག་ཅིག་ལོ་ བཀའ་མོལ་ དང་ བཀའ་སློབ་ཙུ་ གཞན་མོའི་ ལྷོ་སྐད་ མ་ཤེས་མཁན་ལོ་ ཤེས་ཡོན་ འཇོས་ བདེ་དྲགས་ བྱ༹ས་སྟི་ རང་གི་ སྐད་རིགས་ སྐོར་ལས་ དྲི་བ་ དྲི་ལན་ཙུ་ གནང་དགོས་པོ་ གལ་ཆེན་ ཨིན། འདི་ འདེམ་མའི་ ཚོགས་པོ་ཙུ་ན་ ཐུགས་འགན་ བཞེས་དགོས་པོ་ ལེབ་སྟི་ གལ་ཆེན་ ཅིག་ སྦད། ད་ལྟ་ དུས་ཚོད་ ནང་ལོ་ ང་ཅག་གི་ འདི་འདྲ་བོ་ གོ་སྐབས་ བཟང་པོ་ ཐོབ་ཡོད་པོ་ དང་ ད་ལྟ་  ང་ཅག་གི་ བདེ་སྤྱོད་ བྱ༹ས་ཚུགས་པོ་ ཡོད་པོ་ ཨིན། ཚོགས་པོ་ འདི་ཙུ་ན་ལོ་ རང་གི་ སྐད་རིགས་ ཡར་རྒྱས་ཀྱི་ དོན་ལས་ བྲི་རྩོམ་, ལོ་རྒྱུས་, ཁ་གཏམ་ཙུ་ བྲི་སྟི་ འཛམ་གླིང་ ས་ཕྱོགས་ ཐམས་ཅད་ན་ རང་གི་ སྐད་ཡིག་ཙུ་ ཁྱབ་འཕེལ་ བྱ༹ས་ཤད་ཀྱི་ གོ་སྐབས་ བཟང་པོ་ཙུ་ ད་ལྟ་ ང་ཅག་ལོ་ ཐོབ་དུས་ལོ་ བདེ་སྤྱོད་བྱ༹ས་ དགོས་པོ་ ལེབ་སྟི་ གལ་ཆེན་ ཨིན། གཞོན་ ཕ་སྐད་ལོ་ དབང་ བྱ༹ས་མཁན་ཙུའི་ སྐད་ཡིག་  འདི་ཙུ་  འདྲ་བོ་ བྱ༹ས་ མཉམ་པུ་ལོ་ འགྱུ་ཚུགས་པོ་ འདྲ་བོ་ ཅིག་ལོ་ བརྩོན་འགྲུས་ གནང་དགོས་པོ་ གལ་ཆེན་ ཨིན།  མཐའ་ན་ ཁྱིམ་ ནང་ལོ་ དང་ སྣུམ་འཁོར་ཙུ་ ནང་ལོ་ འགྱུ་བའི་ སྐབས་ལོ་ རང་གི་ རིགས་གཞུང་ དང་ མཐུན་པའི་ གཏམ་ དང་ གླུ་ཙུ་ ཉན་དགོས་པོ གལ་ཆེན་ སྦད། འདེས་ མ་ཡ་ནེ་ ང་ཅའི་ ལྷོ་སྐད་ འདི་ མ་འོངས་ པོ་ན་ སྐད་རིགས་ མེད་པོ་ མཐོན་འོངས་བོའི་ ཉེན་ཁ་ སྦོམ་པོ་ ཅིག་ སྦད།

དོན་ཚན་ འདི་ཙུ་ ང་ཅག་ ཐམས་ཅད་ཀྱིས་ ཐུགས་ཕན་ གསོ་དགོས་པོ་ གལ་ཆེན་ ཨིན། ད་ ཨ་ཀུ་ ལྷོ་པོ་ ང་ཅག་ ཐམས་ཅད་ཀྱི་ རིག་གཞུང་ དང་ སྐད་རིགས་ལོ་ དོ་སྣང་ གནང་དགོས་པོ་ ཐུགས་འགན་ སྦོམ་ཤོག་ ཅིག་ཨིན། ད་ལྟ་ ལས་རང་ ང་ཅག་ ཐམས་ཅད་ཀྱི་ མཉམ་རུབ་ མཉམ་མཐུན་ གནང་སྡི་ ཡར་རྒྱས་ཀྱི་ སྐོར་ལོ་ བརྩོན་སེམས་ རྒྱ་ཆེ་དྲགས་ གནང་བོ་ གནང་གེ། ད་ འབྲས་ལྗོངས་ཀྱི་ མཁས་དབང་ ལྷན་རྒྱས་ཙུ་ དང་ མ་འོངས་པོ་ ནང་ལོ་ འོངས་མཁན་ གཞོན་པོ་ཙུ་ ཐམས་ཅད་ཀྱིས་ ཐུགས་འགན་ སྦོམ་ཤོས་  གཅིག་འདི་ སྐད་རིགས་ ཡར་རྒྱས་ལོ་ ཐུགས་བསམ་ བཞེས་པོ་ གནང་དགོས་པོ་ འདི་ གལ་ཆེན་ ཨིན༎ ༎

                                                  

                                                       ཐུབ་བསྟན་དཔལ་བཟང་།