Powered By Blogger

Wednesday 18 April 2012


༅༅། །འབྲས་ལྗོངས་ཀྱི་ མཁས་དབང་ སྐུ་ཞབས་ པདྨ་ རིག་འཛིན་ མཆོག་གིས་ བཀའ་སློབ་ བདུད་རྩི་ ཐིག་པ་ ནེ།

ང་ཅའི་ སྐད་ཡིག་ འདི་ ལོ་ལྟར་ དར་ཁྱབ་ ཆེ་བཞིན་ ཆེ་བཞིན་ འགྱུ་བཞིན་ ཡོད་པོ ཏོ་ མཁྱེན་གསལ་རང་ སྦད། ལོ་ ཉི་ཤུ་ རྩ་ལྔའི་ རྒྱབ་ལོ་ ང་ཅའི་ སྐད་ཡིག་ འདིས་ཡང་ མཐོ་རིམ་ སློབ་གྲྭའི་ སློབ་ཚན་ན་ ཕྱི་ལོ་ ཉི་སྟོང་ ལོ་ལས་ ས་ཆ་ ཐོབ་པོ་ སྦད། འདིས་ ཨིན་ཟང་ ད་ ང་ཅག་ ཐམས་ཅད་ གང་པོ་ཀིས་ ང་ཅའི་ སྐད་ཡིག་ འདི་ལོ་ བདག་ཀུ་ དང་ ཅ་ག་ ལེམ་ རྐྱབས་སྟི་ ཡར་རྒྱས་ བཏང་བའི་ དུས་ཚོད་ སླེབས་སྟི་ སྡོད་ ཡོད། འདི་ དང་ འབྲེལ་སྡི་ ལོ་ དུ་ཅིག་ལས་ མུ་མཐུད་སྟི་ རྩོམ་བྲིས་བོ་ ག་ཡོད་ ཐམས་ཅད་ཀྱིས་ རུབ་སྟི་ ལོ་ལྟར་ དུས་དེབ་ རེ་རེ་ ཨིན་ཅིག་ མན་ཅིག་ པར་བསྐྲུན་ ཞུས་སྟི་ ལྷོ་སྐད་ སྐྱབས་སྟངས་ གང་པོ་ དང་ ལྷོ་ཡིག་ སྒྲོགས་ལྟངས་ གང་པོ་ ཐངས་ཅད་ཀྱི་ སྒོམ་མདུན་རྩར་ སྐྱེལ་སྡི་ ཐམས་ཅད་ གང་པོའི་ བློ་འདོད་ དང་ དྭངས་འདོད་ ང་ཅའི་ སྐད་ཡིག་ འདིའི་ ངོས་ལོ་ སྐྱེ་ཚུགས་པོ་ བཟོ་བར་ ཅེ་ན་ ང་ཅའི་ སྐད་ཡིག་ འདི་ ད་རུང་ འདི་ལས་ ལྷག་ཚོད་ ཡར་རྒྱས་ འཐོན་བ་ དུས་ཚོད་ ཀེས་པོ་ མི་དགོས།
                                           
                                           

Wednesday 11 April 2012


༅༅། །འབྲས་ལྗོངས་ ལྷོ་སྐད་  འགོ་ དང་པོ་ དབུས་གཙུགས་ཀོ་ གནང་མཁན་  མཁས་དབང་ པདྨ་ ཤྲིའི་  སྐུ་ཞབས་ ནོར་ལྡན་ ཚེ་རིང་ མཆོག་གི་ གསུངས་ ཕྲིན་ མ་རིགས་ མུན་གསེལ་ ནེ།  ལོ་ ཀེས་པའི་ སྔོན་ལོ་ཟང་ ལྷོ་སྐད་ རྐྱབས་མཁན་ ཡོད་རུང་ སྐད་ འདི་ ཡིག་ཐོག་ལོ་ མེད་མཁན་ སྦད། དམིགས་བསལ་གྱིས་  སྤྱི་ལོ་ ༡༩༧༧  ལོའི་ ནང་ལས་ ཚུར་སྟི་ ལྷོ་སྐད་ འདི་ལོ་ ཡིག་ཐོག་ན་ བཏོན་སྡི་ འབྲས་ལྗོངས་ ཡོངས་ནང་གི་ སྔོན་འགྲོའི་ སློབ་གྲྭ་ཙུའི་ ནང་ལས་ འགོ་ བཙུགས་སྟི་ གནས་སྐབས་ མཐོ་རིམ་ སློབ་གྲྭའི་ ལེའུ་ཚན་ ཟང་སྟི་ སླེབས་སྟི་ སྡོད་ ཡོད་པོ་ མི་ཚད་ རྩོམ་ བྲིས་པོ་ ཀེས་པས་ དེབ་ འདྲ་ མན་འདྲ་བོ་ ཀེས་པོ་ བྲི་སྟི་ པར་བསྐྲུན་ ཞུ་བཞིན་པའི་ ཁ་བསྣན་ གསར་ཤོག་ དང་ ད་ལྟའི་ འབྲས་ལྗོངས་ ལྷོ་ཡིག་ན་ བྲི་སྟི་ ལྷོ་སྐད་ མཁྱེན་སྟང་ གང་པོ་ དང་ ལྷོ་ཡིག་ བྲི་ ཤད་ མཁྱེན་སྟང་ གང་པོ་ཀིས་ དེབ་ཙུ་ དང་ གསར་ཤོག་ཙུ་ རང་སྐད་ ཐོག་ལོ་ འཇོས་ བདེ་དྲགས་ བྱ༹ས་སྟི་  སྒྲོགས་ ཐོབ་བཞིན་པོ་ དང་ བྲི་ ཐོབ་བཞིན་པོ་ ང་ཅག་ཙུས་ ་སོ་བདེ་ བཟང་བའི་ རྟགས་ ཨིན།  འདེ་རང་ བྱ༹ས་སྟི་ འབྲས་ལྗོངས་ སྐད་རབས་ ཡར་རྒྱས་ ཚོགས་པོའི་ ཉ་གང་གི་ ཟླ་བོ་ ནང་བཞིན་ ལྷོ་ཡིག་ འདིས་ཡང་ སྐད་ཡིག་ གཞན་ དང་ འགྲན་འདྲ་ གོམས་པོ་ སྔོན་ལོ་ འཕར་བཞིན་ ཡོད་པོ་ འདི་ ང་ཅའི་ བསྟན་པོ་ གོང་ནས་ གོང་འཕེལ་དུ་ འགྱུ་བའི་ མཚན་རྟགས་ བཟང་པོ་ གཅིག་ སྦད།  བྲི་སྟང་ གང་པོ་ ལྷན་རྒྱས་ ཐམས་ཅད་ཀྱི་ ཐུགས་བསམ་ བཟང་པོ་ བཞེས་སྟི་ འདི་ འདྲ་བའི་ དུས་ བདེ་ཙུ་ མུ་མཐུད་སྟི་ བྲི་བཞིན་ པར་བསྐྲུན་ ཞུ་བའི་ རེ་བ་ བཅས་ ཟླ་ཚེས་ བཟང་པོར་ སྐད་རབས་ ཡར་རྒྱས་ ཚོགས་པོའི་ དྲུང་ཆེན་ ནོར་ལྡན་ ཚེ་རིང་གིས་ གསུངས་བོ་ ཨིན།

Wednesday 4 April 2012


༅༅།  ཨོྃ་ཨཱཿ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་ལྷོ་ནུབ་སྲིན་པོའི་ཡུལ་ནས་བསྐུར་བའི་འཕྲིན་ཡིག་
                      བཞུགས་སོ།།
   
སངས་རྒྱས་ཐམས་ཅད་ནུས་མཐུ་ཡིས། །ད་ལྟ་བདེ་བ་སྐད་ཅིག་ཙམ་ཞིག་འབྱུང་དུས་འདིར། 
བླ་སྤྲུལ་རྣམས་ཀྱིས་སྙན་གྲགས་ལས་ལ་འབད། །མི་ཡུལ་འགྲིམ་ནས་སེམས་ཅན་མགོ་བོ་བསྐོར། 
ཁ་བདེ་དྲན་འཕྲུལ་ཅན་གྱིས་གཞན་གྱི་རྒྱུ་ནོར་ལེན། །རྒྱུ་ནོར་ཆོས་ཕྱོགས་མི་བཏང་རང་གི་བདག་འཛིན་བྱེད།
གྲྭ་པ་རྣམས་ཀྱིས་ཁ་དོན་མི་བྱེད་བྲོ་དང་གླུ་གཞས་སྦྱོང༌། །དགེ་སྒྲུབ་སྦྱིན་པ་མི་གཏོང་གཞན་ནོར་ཅི་ལོན་བལྟ། 
གྲྭ་ཆོས་མི་བྱེད་རྒྱ་དང་ཧོར་གྱི་ཆས་སུ་བསྒྱུར། །ཇོ་མོ་རྣམས་ཀྱིས་ངོ་ཚ་མེད་པར་སྡོམ་པ་ཉམས། 
རང་རྒྱུད་བསད་ནས་སྡོམ་པ་བསྲུང་ཁུལ་བྱེད། །དགེ་སྦྱོར་མི་བྱེད་རྒྱན་ཆ་བྱུག་པར་བརྩོན། 
བུད་མེད་རྣམས་ཀྱིས་བཟའ་ཚང་བར་ལ་དཀྲུག་གཞི་བྱེད། །ཕ་མ་རྣམས་དེ་མི་འདོད་ཕྱི་ལ་ཕུད། 
བུ་སྤུན་ནང་ནས་གདམས་གསེས་བྱེད། །རང་རྒྱུབ་བསད་ནས་འགྱོད་བཤགས་མེད། 
ཉེ་འབྲེལ་ནང་ལ་མི་ཚངས་སྤྱོད། །སྐྱེ་བོ་རྣམས་ཀྱི་ལུས་ལ་བདུད་ཞུགས་ནས། 
ཤོ་སྦག་ལས་ལ་བརྩོན་ནས་བདུད་འདྲེ་འབོད། །དུ་བ་སྣ་ཐག་སྤྱོད་ནས་བདུད་སྲིན་སྤྱན་འདྲེན་བྱེད། 
ཆང་རག་འཐུང་ནས་རང་གི་ལྷ་སྲུང་ཕྱི་ལ་ཕུད། །དེ་ཡི་རྐྱེན་གྱིས་ས་སྟག་ལོ་ན་སྲིན་པོ་བོད་ལ་ཤོར། 
ཕྱོགས་མཚམས་ཀུན་ལ་བདུད་སྲིན་ཉམས་གྲིབ་འབྱུང༌། །སངས་རྒྱས་བསྟན་པ་མཐའ་ལ་ཐུག 
ལྷ་སྐུ་བསྟན་སྲུང་རྣམས་དེ་ཚོང་རྫས་བྱེད། །དེ་ཡི་བཀའ་ཆད་ནད་རིགས་ཐམས་ཅད་འབྱུང༌། 
ཕ་ནོར་རྒྱུ་རྫས་རྣམས་དེ་ཕྱི་གླིང་ཡུལ་དུ་བཙོང༌། དེ་ཡི་གཡང་ཉམས་ཆུ་ལོག་ས་སྙིང་འོང༌། 
ཆུ་འགོ་ས་རྒོད་བརྐོས་ནས་ཐོགས་སེར་འབྱུང༌། །ཤིང་གཉན་བཅད་ནས་ལོ་ཏོག་ཉེས། 
རྐུ་ཇག་འཕྲོག་པའི་རྐྱེན་གྱིས་རང་ཉིད་སྦྲང་པོར་འབྱུང༌། །ཤོ་སྦག་ལག་ལ་བླངས་ན་དབང་ཐང་ཉམས། 
དུ་བ་སྣ་ཐག་སྤྱོད་ན་ལྷ་སྲུང་ཉམས། །ཆང་རག་འཐུང་ན་ཚེ་ཐུང་ནད་མང་འབྱུང༌། 
དེ་འདྲའི་དུས་མཐའི་སེམས་ཅན་རྣམས། །ད་ལྟ་གནས་སྐབས་བདེ་བའི་དུས། 
ལས་དང་རྒྱུ་འབྲས་མི་བརྗེད་ནས། །ཁ་འདོན་དགེ་སྒྲུབ་མ་བརྗེད་ཨང༌། 
སངས་རྒྱས་བསྟན་པ་ཉམས་ལ་ཉེ་བ་མི་བརྗེད་ནས། །རང་ཉིད་སྡོམ་པ་ཚུལ་ཁྲིམས་སྲུངས། 
འདྲེ་སྲིན་དངོས་རྒྱུག་ཡིན་པར་མི་བརྗེད་པར། །པདྨ་ང་ལ་གསོལ་བ་ཐོབ། 
སྟག་གི་ལོ་ནས་སྲིན་པོ་བོད་ལ་ཤོར་བ་མི་བརྗེད་ནས། །ཉིན་མཚན་མེད་པར་བཛྲ་གུ་རུ་འདོན། 
ལྕགས་འབྲུག་ལོ་ལ་སྲིན་པོ་ཆུ་ལ་ཞུགས། །ཆུ་ལོག་ས་སྙིལ་གཉིས་ཀྱིས་མི་སྲོག་ཕོངས། 
ལྕགས་སྦྲུལ་ལོ་ལ་སྲིན་པོ་རླུང་དང་ཐོག་སེར་ཞུགས། །དེ་ཡིས་སེམས་ཅན་རྣམས་ལ་འཚེ་བ་བྱེད། 
ཆུ་ལུག་ལོ་ལ་ངེས་མེད་ནད་རིམས་མང་པོ་འབྱུང༌། །ཆང་རག་ཁ་ཟས་ཅན་དེ་གཟའ་ཡི་ནད་ཀྱིས་འཆི། 
ཤོ་སྦག་དར་ཕྱོགས་ཕོ་ཁའི་ནད་ཀྱིས་འཆི། །ཚིག་རྩུབ་སྐུར་བ་འདེབས་མཁན་གྲེ་བའི་ནད་ཀྱིས་འཆི། 
སྣ་ཐག་དུ་བ་སྤྱོད་པས་གློ་བའི་ནད་ཀྱིས་འཆི། །སྒོང་སྒོི་ཟོས་རྣམས་དེ་གྲིབ་ཁའི་ནད་ཀྱིས་འཆི། 
རྔོན་དང་རི་དྭགས་བསད་རྣམས་རྒྱུ་མའི་ནད་དང་མཆིན་པའི་ནད་ཀྱིས་འཆི། 
དུས་དེར་སྡིག་ཅན་མི་རྣམས་ནད་ཀྱིས་འཆི། །ཤིང་བྱ་སངས་རྒྱས་བསྟན་པ་ཉམས་ལ་ཉེ། 
བདུད་སྲིན་ཐམས་ཅད་ཟ་ཁ་དང༌། །ས་གླང་རྒྱལ་ཁམས་ཐམས་ཅད་འཁྲུགས་པ་འབྱུང༌། 
མི་རྣམས་ཕལ་ཆེར་འདི་ཡི་ནང་ལ་འཆི། །དེ་ཕན་འཁོར་བའི་མཚན་ཉིད་དེ་སུས་ཀྱང་བརྗོད་མི་ལང༌། 
འདི་འདྲ་དུས་ངན་བཟློག་བསམ་ན། །རྒྱུན་ཆད་མེད་པར་པདྨ་ང་ལ་གསོལ་བ་ཐོབ། 
ཉིན་མཚན་མེད་པར་བཛྲ་གུ་རུ་ཐོན། །ལས་དང་རྒྱུ་འབྲས་ཁྱད་དུ་མི་བསད་ན། 
པདྨ་ང་ཡི་གསུང་འདི་ཉམས་ལེན་མཛོད། །རྒྱུ་འབྲས་སྲུང་བཞིན་སྦྱིན་པ་བཏང༌། 
རྫུན་དང་མནའ་སྡིག་སྤོང་བར་མཛོད། །ང་ཡི་འཕྲིན་ཡིག་འདི་ལ་དད་པ་གྱིས། 
དེ་འདྲ་ཉམས་ལེན་སུས་བྱས་ན། །དུས་ངན་དམག་འཁྲུག་ནད་རིགས་ཐམས་ཅད་ཞི། 
འཛམ་གླིང་བདེ་སྐྱིད་ངང་ལ་གནས། །པདྨ་ང་ཡི་འཕྲིན་ཡིག་འདིར། 
འབྲི་འདོད་ཚར་གཅིག་སུས་བྱས་ན། །ཚེ་འདིར་ནད་མུག་མཚོན་འཁྲུག་ཞི། 
ཕྱི་མ་ཞིང་ས་བཟང་པོ་ཐོབ། །ཨོ་རྒྱན་པདྨ་ང་ཡི་སྙིང་གཏམ་འདི། 
རྣ་བར་ཐོས་པ་ཙམ་གྱིས་གདོན་བགེགས་ཞི་བ་དང༌། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། 
ལུས་ལ་བཏགས་ན་ཁ་རྗེ་བསོད་ནམས་འཕེལ་བར་འགྱུར། །འདྲེ་གདོན་ཀུན་གྱི་གནོད་པས་མི་ཚུགས། 
ཁང་ཁྱིམ་ནང་ལ་བཏགས་པས་འབྱུང་བཞིའི་དགྲ་དེ་ཞི། །གདོན་བགེགས་འདྲེ་སྲིན་ཐམས་ཅད་སྲུངས། 
དུད་ཚང་གཅིག་ལ་འཕྲིན་ཡིག་འདི་ཡོད་ན། །གྲོང་པ་དེ་ལ་ཕན་པར་ངེས། 
གྲོང་པ་གཅིག་ལ་འཕྲིན་ཡིག་འདི་ཡོད་ན། །རྒྱལ་ཁམས་ཀུན་ལ་ཕན། 
འཕྲིན་ཡིག་འདི་ལ་པདྨ་ང༌། །དབྱེར་མེད་དད་པ་སུས་བྱས་ན། 
འབྲེལ་མེད་སྤྱི་བོའི་རྒྱན་ལ་འོང༌། །བྱམས་པ་མ་བྱོན་བར་དུ་པདྨ་ང་ཡིས་སྐྱབས། 
འདི་མི་བཅུ་ལ་སྤེལ་བར་སུས་བྱས་ན། །ཚེ་འདི་བདུད་སྲིན་ཀུན་ལས་རྒྱལ། 
ཕྱི་མ་ཟངས་མདོག་དཔལ་རིར་སྐྱེ། །འདི་ལ་དད་ལོག་བྱེད་པའི་མི། 
ཚེ་འདི་ནད་མུག་མཚོན་གྱིས་འཚེ། །ཕྱི་མ་དམྱལ་བའི་གཏིང་ལ་འཇོག 
ཅེས་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་སྟག་ལོ་ཟླ་བ་དྲུག་པའི་ཚེས་བཅུ་ཉིན་ལྷོ་ནུབ་སྲིན་པོའི་ཡུལ་ནས་བོད་ལ་བསྐུར་བ་རྫོགས་སོ། །སརྦ་མངྒ་ལཾ།། །།


Tuesday 3 April 2012


      

             
    
      ༈ མཛེས་ལེགས་ འདི།


༡༽ མཛེས་པའི་ ཡུལ་ལྗོངས་ འབྲས་ལྗོངས་འདི།
གངས་ཆེན་ མཛོད་ལྔ་ དཔང་པོ་ཡོད།
མཚོ་ཆེན་ བརྒྱ་དང་ དགུ་ཙུ་ཡོད།
སྤང་ལྗོངས་ ཡུལ་ལྗོངས་ བྱིན་ཆགས་ཡོད།
                             

                             ༢༽ བྱ༹ས་ དང་ གཅན་གཟན་ རིགས་ཡོད་པོ།
                              མེ་ཏོག་ ཤིང་སྣ་ མཛེས་ཡོད་པོ།
                              སྨན་རིགས་ ཤིང་སྣ་ ཚོགས་ཡོད་པོ།
                             མཁས་དབང་ ལྷན་རྒྱས་ བཞུགས་ཡོད་པོ།


༣༽ཡུལ་དང་ རྫོང་ཙུ་ ཕུན་ཚོགས་ཡོད།
བྱ༹་དང་ རིགས་དྭགས་ སྣ་ཚོགས་ཡོད།
མི་རིགས་ སྐྱེབ་ཅིག་ ཐུན་ཡོད་པོ།
ང་ཅའི་ འབྲས་ལྗོངས་ མངའ་སྡེ་ནང་།

                              
                            ༤༽ལྷོ་རིགས་ མོན་རིགས་ གཙོང་རིགས་ཙུ།
                              ཕ་མ་ གཉིས་ཀྱི་ སྤུན་འདྲ་བོ།
                              ཐམས་ཅད་ མཉམ་རུབ་ མཉམ་གཅིག་ལོ།
                              སྐད་དང་ རིགས་གཞུང་ ཡར་རྒྱས་ཡོད།


༥༽འབྲས་ལྗོངས་ ཕྱོགས་བཞི་ སློབ་གྲྭ་ལོ།
སྐད་དང་ ལུགས་སྲོལ་ སྦྱང་བཞིན་ཡོད།
མཁས་དབང་ ཙུ་ཀིས་ ཐུགས་རྗེ་ལས།
རིགས་གཞུང་ ལུགས་སྲོལ་ ཡར་རྒྱས་ཡོད།


                                       ༦༽ ལྷོ་ཕྱོགས་ ཡུལ་ལས་ བྱོན་བོ་མི།
                                       ལམ་དང་ ལུགས་སྲོལ་ རིགས་གཞུང་ཙུ།
                                       སྐད་དང་ ཡེ་གི་ མཛེས་པོ་ཡོད།
                                       ལྷོ་རིགས་ ཡར་རྒྱས་ ཐོན་བཞིན་ཨིན།

༧༽སློབ་དཔོན་ སློབ་དཔོནམ་ མཁས་དབང་ཙུ།
ཤེས་བྱ་ དར་ཁྱབ་ འཕེལ་བཞིན་ཡོད།
མཁས་པ་ མཁས་པོའི་ རིགས་གནས་ཙུ།
གཞན་ལོ་ ཤེས་ཡོན་ སྟོན་བཞིན་ཡོད།


                                   ༨༽ སྦས་གནས་ འདི་ལོ་ བཞུགས་པའི་མི།
                                   ཆོས་དང་ རིགས་གནས་ སྦྱང་བཞིན་ཡོད།
                                  ལྡུམ་རའི་ མེ་ཏོག་ མཛེས་པོ་འདྲའོ།
                                  རང་སྐད་ སྐྱབས་ནེ་ མཛེས་སྐྲགས་ཨིན༎
         
                                                                                                     ཐུབ་བསྟན་ དཔལ་བཟང་།།